འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཚན་རིག་ཁང་དང་ཡོ་རོབ་མཁའ་འགྲུལ་ལས་རིགས་ཀྱིས་ན་སྨིའི་སྣ་འདུས་རྒྱུ་ཆའི་
    ཁྱབ་ཁོངས་སུ་མཉམ་ལས་ཐེངས་དང་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་13ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་ན་སྨི་ཚན་རིག་ལྟེ་གནས་དང་བར་སྣང་འགྲུལ་སྐྱེལ་གནམ་གྲུ་དང་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པའི་མ་དངུལ་མཉམ་འཇོག་ཁེ་ལས་བར་སྣང་འགྲུལ་སྐྱེལ་གནམ་གྲུ(པེ་ཅིང)ལས་གྲྭ་ལག་རྩལ་ལྟེ་གནས(ལས་གྲྭ་ལྟེ་གནས)དབར་ཉེ་ཆར་པེ་ཅིང་དུ་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་ཕྱོགས་གཉིས་པོས་མཁའ་འགྲུལ་ཁྱབ་ཁོངས་སུ་སྤྱོད་པའི་ན་སྨིའི་ནུས་པའི་སྣ་འདུས་རྒྱུ་ཆའི་དཔྱད་གཞིའི་འབྲེལ་ཡོད་མཉམ་ལས་ཞིབ་འཇུག་དང་གསར་སྤེལ་བྱ་རྒྱུ་རེད། ཚེས་5ཉིན་ཕྱོགས་གཉིས་པོས་ད་དུང་རྒྱལ་ཁབ་ཀྱི་ན་སྨིའི་ཚན་རིག་ལྟེ་གནས་སུ“ན་སྨིའི་སྣ་འདུས་དཔྱད་གཞིའི་མཉམ་འབྲེལ་ཚོད་ལྟ་ཁང”མཉམ་འབྲེལ་ཐོག་བཙུགས་པ་དང་འབྲེལ“བར་སྣང་འགྲུལ་སྐྱེལ་གནམ་གྲུའི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ”འཛུགས་རྒྱུའི་ཁྱབ་བསྒྲགས་ཀྱང་བྱས་པ་རེད།
         འབྲེལ་ཡོད་ཞིབ་འཇུག་ལས་དོན་དེ་ཀྲུང་གོའི་རྩེར་སོན་ཞིབ་འཇུག་སྒྲིག་གཞི་དང་སློབ་ཆེན་མང་པོས་མཉམ་འབྲེལ་ཐོག་སྤེལ་རྒྱུའི་ནང་རྒྱལ་ཁབ་ན་སྨིའི་ཚན་རྩལ་ལྟེ་གནས་དང་། ཆིང་ཧྭ་སློབ་ཆེན། ཀྲུང་ཧྲན་སློབ་ཆེན། ཤང་ཀང་ཚན་རྩལ་སློབ་ཆེན། ཤང་ཀང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་བཅས་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།