འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རི་ཕྱོགས་ཀྱིས་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱས་པའི་ཨ་སྒོར་དུང་ཕྱུར་2000གི་
    ཐོན་རྫས་ལ་འགག་སྒོའི་དཔྱ་ཁྲལ་མང་དུ་བཏང་བའི་གསལ་ཐོ་ཁྱབ་བསྒྲགས་བྱ་རྩིས་ཡོད་པར་ལན་སློག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་12ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་11ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཨ་རི་ཕྱོགས་ཀྱིས་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱས་པའི་ཨ་སྒོར་དུང་ཕྱུར་2000གི་ཐོན་རྫས་ལ་འགག་སྒོའི་དཔྱ་ཁྲལ་མང་དུ་བཏང་བའི་གསལ་ཐོ་ཁྱབ་བསྒྲགས་བྱ་རྩིས་ཡོད་པར་ལན་སློག་སྐབས། འདི་ནི་ཕྱོགས་རྐྱང་པའི་རིང་ལུགས་དང་ཕྱོགས་མང་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས་དང་རང་མོས་ཉོ་ཚོང་། བཙན་དབང་དང་སྒྲིག་སྲོལ་བཅས་བར་གྱི་འཁྲུག་རྩོད་ཅིག་རེད།  ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ལོ་རྒྱུས་ཐོག་གི་ཡང་དག་པའི་ཁ་ཕྱོགས་སུ་ལངས་ནས། ཐུན་མོང་ཐོག་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་དང་སྒྲིག་ལམ་ལ་སྲུང་སྐྱོང་བྱ་རྒྱུ་ཡིན།
            ཧྭ་ཁྲུན་ཡིང་གིས། གོང་ཚེས་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་འདེབས་སྐབས། ཨ་རི་ཕྱོགས་ཀྱི་བྱ་སྤྱོད་ནི་དཔེ་མཚོན་གྱི་ཉོ་ཚོང་བཙན་དབང་རིང་ལུགས་ཡིན་ཞིང་།  ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་ངོ་རྒོལ་བྱེད་སྟངས་སྤྱད་ནས། རང་ངོས་ཀྱི་ལུགས་མཐུན་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།
           ཧྭ་ཁྲུན་ཡིང་གིས། ད་ལྟའི་དུས་རབས་སུ་རྒྱལ་ཁབ་ཁག་གི་དཔལ་འབྱོར་ཚད་གཞི་མི་འདྲ་བའི་སྒོ་ནས་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་རིན་ཐང་གི་འབྲེལ་ཐག་ནང་ཚུད་ནས། ཕན་ཚུན་བརྟེན་རེས་དང་དར་རྒུད་མཉམ་འགྲོགས་བྱེད་བཞིན་ཡོད།  རང་ཉིད་ལ་ཕན་པ་ཐོབ་དགོས་ན་སྔོན་ལ་གཞན་ལ་ཕན་པ་བསྐྲུན་རྒྱུ་ནི་ཡང་དག་པའི་གདམ་ག་ཞིག་རེད། གལ་ཏེ“ཁྱོད་ཤི་ང་གསོན”གྱི་རྗེས་ལུས་ཀྱི་བསམ་གཞིག་ཐོག་ནས་རང་འདོད་ཀྱིས་ཚོང་དོན་འཁྲུག་རྩོད་སློང་ཚེ། ཕྱོགས་གཉིས་ཀའི་ཁེ་ཕན་ལ་གནོད་འཚེ་གཏོང་བ་མ་ཟད། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་ཐོག་གི་ཕྱོགས་ཁག་གི་ཁེ་ཕན་ལ་ཡང་གནོད་ནས། རྒྱལ་ཁ་ཐོབ་མཁན་ཡོང་མི་སྲིད། ཀྲུང་གོའི་དངོས་ཟོག་གི་ཕྱིར་གཏོང་བྱེད་ཚད་40%དང་། ཚན་རྩལ་མཐོ་བའི་ཐོན་རྫས་ཕྱིར་གཏོང་གི་གསུམ་ཆ་གཉིས་ནི་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་མ་འཇོག་མཁན་གྱི་ཁེ་ལས་ཀྱིས་མངོན་འགྱུར་བྱེད་ཀྱི་ཡོད་པ་རེད་།
           ཧྭ་ཁྲུན་ཡིང་གིས།“ཨ་རིས་འཛམ་གླིང་ཡོངས་ལ་འཁྲུག་རྩོད་སློང་བ་དང་རང་ཉིད་ལ་ཡང་འཁྲུག་རྩོད་ཀྱི་གནོད་འཚེ་བཟོས་པ་ཞིག་ཡིན། རྒྱལ་སྤྱིའི་དཔལ་འབྱོར་ལས་རིགས་ཀྱི་དབང་གྲགས་མི་སྣ་མང་པོའི་འབྲེལ་ཡོད་རྣམ་འགྱུར་ལས། ཨ་རི་ཕྱོགས་ཀྱི་རྗེས་དཔག་གི་བསམ་བློ་མེད་པར་འགྱུར་བའི་སྤྱོད་ཚུལ་དེ་ཉེན་ཁ་ཧ་ཅང་ཆེན་པོ་ཡིན་པས། རང་གཞན་གཉིས་ཀར་གནོད་པ་དང་མིའི་བློ་ལ་མ་བབ་པ་ཞིག་ཡིན་པ་མངོན་གསལ་གྱིས་མཚོན་ཡོད”ཅེས་བརྗོད་ཡོད།
           ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས། ཕྱོགས་རྐྱང་པའི་རིང་ལུགས་བཀག་འགོག་དང་། སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་དང་རང་མོས་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་། “འདི་ནི་འགན་འཁུར་མཁན་རྒྱལ་ཁབ་ཀྱིས་འཁུར་འོས་པའི་འགན་འཁྲི་ཡིན”ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།