འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོར་རང་རྒྱལ་གྱིས་ཕྲུ་གུ་སྐྱེ་རྩིས་ཡོད་པའི་ཁྱོ་ཤུག་ཁྲི་1173ལ་རིན་མེད་
    གཟུགས་པོ་བརྟག་དཔྱད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་13ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་11ཉིན་ནི“འཛམ་གླིང་གི་མི་འབོར་ཉིན་མོ”ཨང་29པ་དེ་རེད། ཚེས་11ཉིན་གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་རྒྱལ་གྱིས་བུ་བཙའི་ཞབས་ཞུ་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ལེགས་བཙའ་ལེགས་གསོའི་ཞབས་ཞུ་དང་མཛུབ་ཁྲིད་ལས་དོན་སྤེལ་བ་དང་། 2017ལོར་རྒྱལ་ཡོངས་ཀྱིས་ཕྲུ་གུ་སྐྱེ་རྩིས་ཡོད་པའི་ཁྱོ་ཤུག་ཁྲི་1173ལ་རིན་མེད་གཟུགས་པོ་བརྟག་དཔྱད་བྱས་ནས་དམིགས་ཡུལ་ལྡན་པའི་མི་ཚོགས་ལ་ཁྱབ་ཚད་ཆ་སྙོམས་91.7%ཟིན་ཡོད་པ་རེད།
         རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་ཉིན་ཤས་གོང་པར་འགྲེམས་བྱས་པའི་《2017ལོའི་རང་རྒྱལ་གྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་བསྡོམས་རྩིས་སྤྱི་བསྒྲགས་》ལས་མངོན་པར། རྒྱལ་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)ཚང་མར་མངལ་མ་འཁོར་གོང་གི་ལེགས་བཙའི་བདེ་ཐང་ཞིབ་བཤེར་བྱས་ནས་གྲོང་ཁྱེར་གྱི་ཕྲུ་གུ་སྐྱེ་རྩིས་ཡོད་པའི་ཁྱོ་ཤུག་ལ་བདེ་ཐང་སློབ་གསོ་དང་། བདེ་ཐང་ཞིབ་བཤེར། ཉེན་ཁའི་ཚོད་སྐོར། བློ་འདྲི་མཛུབ་ཁྲིད་སོགས་མངལ་མ་འཁོར་གོང་གི་ལེགས་བཙའི་ཞབས་ཞུ་རིན་མེད་ངང་མཁོ་འདོན་བྱས་ཡོད་པ་རེད། གདམ་གསེས་ཞིབ་བཤེར་ཐུབ་པའི་ཉེན་ཁ་ཡོད་པའི་མི་ཚོགས་ཚང་མར་དམིགས་སའི་རང་བཞིན་ལྡན་པའི་བློ་འདྲིའི་མཛུབ་ཁྲིད་དང་སྨན་བཅོས་སྒྱུར་བཅོས་སོགས་ཀྱི་ཞབས་ཞུ་ཐོབ་སྟེ་མངལ་མ་འཁོར་གོང་གི་སྔོན་འགོག་བྱེད་ཐབས་དོན་འཁྱོལ་བྱས་ནས་ཕྲུ་གུ་དབང་པོ་སྐྱོན་ཅན་སྐྱེ་བའི་ཉེན་ཁ་ནུས་ལྡན་ངང་ཆུང་དུ་བཏང་བ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།