འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་2020ལོར་རིག་དངོས་བདེ་འཇགས་ལས་དོན་གྱི་ལམ་སྲོལ་འཛུགས་
    རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་13ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། བོད་ལྗོངས་ཀྱིས་《རིག་དངོས་བདེ་འཇགས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》ཡོངས་བསྒྲགས་བྱས་ནས་བོད་ཀྱི་རིག་དངོས་བདེ་འཇགས་ཀྱི་དོ་དམ་འགན་འཁྲི་ཁ་གསལ་བཟོས་པ་དང་འབྲེལ། རིག་དངོས་བདེ་འཇགས་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རིག་དངོས་བདེ་འཇགས་ཀྱི་དོ་དམ་ཆུ་ཚད་མཐོ་རུ་བཏང་བ་རེད། 《བསམ་འཆར་》ནང་2020ལོའི་ལོ་མཇུག་ཏུ་སླེབས་སྐབས་སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་ཚན་གྱིས་གཞོགས་འདེགས། ཚན་པས་འགན་ཁུར། སྤྱི་ཚོགས་ཞུགས་པ་བཅས་ཀྱི་རིག་དངོས་བདེ་འཇགས་ལས་དོན་གྱི་ལམ་སྲོལ་འཛུགས་རྒྱུ་དང་འབྲེལ། རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 《བསམ་འཆར་》ནང་རིག་དངོས་བདེ་འཇགས་དོ་དམ་གྱི་འགན་འཁྲིའི་ལས་འགན་གཙོ་བོ་ཁ་གསལ་བཏོན་ཡོད་པ་དང་། གྲོང་ཁྱེར(ས་ཁུལ)རྫོང(ཆུས)ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་སྦྲགས། བཙུགས་ཟིན་པའི་རིག་དངོས་ཅུས་ཀྱིས་སྟོབས་ཤུགས་ཆེ་རུ་བཏང་ནས་ཁྲིམས་ལྟར་རིག་དངོས་ཀྱི་སྲིད་འཛིན་ཁྲིམས་འཛིན་འགན་ནུས་བསྒྲུབ་དགོས་པ་དང་རིག་དངོས་ཅུས་བཙུགས་མེད་མཁན་གྱིས་ཆེད་མངགས་དོ་དམ་སྡེ་ཚན་དང་ཆེད་འགན་འཁུར་མཁན་མི་སྣ་1ནས་2བར་གཏན་འཁེལ་བྱེད་དགོས་པ་དང་། ཤང་དང(གྲོང་རྡལ)སྲིད་གཞུང་གིས་ཀྱང་རིག་དངོས་བདེ་འཇགས་ཀྱི་ཆེད་འགན་འཁུར་མཁན་དང་ཞོར་འགན་འཁུར་མཁན་གཏན་འཁེལ་བྱེད་དགོས་པ་བཏོན་ཡོད།
        གཞན་ཡང་། བོད་ཀྱིས་ད་དུང་སྤྱི་བདེ་དང་རིག་དངོས་སྡེ་ཚན་དང་མཉམ་འབྲེལ་ཐོག་རིག་དངོས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་དུས་དང་བསྟུན་ནས་ཆེད་དོན་བྱ་སྤྱོད་སྤེལ་ཏེ་རིག་དངོས་རྐུ་རྒྱག་དང་། བར་ཚོང་། ལྐོག་ཚོང་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་དང་ཁྲིམས་འགལ་ངང་རིག་དངོས་ལྐོག་ཚོང་དང་། ཁྲིམས་འགལ་ངང་རིག་དངོས་ཉར་ཚགས། རང་དགར་རིག་དངོས་ཉོ་ཚོང་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པ་རེད།
         ད་ཕན་ལོ་ཤས་རིང་། བོད་ཀྱིས་རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་རིག་དངོས་བདེ་འཇགས་ཀྱི་འགན་འཁྲིའི་མ་ལག་རིམ་གྱིས་བཙུགས་པ་དང་། རིག་དངོས་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་སྟོབས་ཤུགས་དང་ནུས་པར་ཤུགས་སྣོན་བརྒྱབ་པར་བརྟེན་རིག་དངོས་བདེ་འཇགས་ཀྱི་གནས་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།