འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཚད་རྡུལ་གྱི་མོ་ཙེའི་ཚན་རྩལ་ཐེབས་རྩ་དངོས་སུ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་10ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་7ཉིན་མོ་ཙེའི་ཚད་རྡུལ་གྱི་ཚན་རྩལ་ཐེབས་རྩ་ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་དུ་དངོས་སུ་བཙུགས་པ་དང་། ཐེབས་རྩ་དེ་ནི་ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱིས་སྣེ་ཁྲིད་བྱས་པ་དང་། ཨན་ཧུའེ་ཞིང་ཆེན་མ་འཇོག་ཚོགས་པའི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སི་དང་། ཨན་ཧུའེ་གོ་ཡོན་མ་རྐང་ཚོད་འཛིན(ཚོགས་པ)ཚད་ཡོད་འགན་འཁྲི་ཀུང་སི། ཧོ་ཧྥེ་ཤིན་ཐའེ་དངུལ་རྩ་མ་རྐང་ཚོད་འཛིན(ཚོགས་པ)ཚད་ཡོད་ཀུང་སི་བཅས་ཁེ་ལས་གསུམ་གྱིས་མཉམ་དུ་བཙུགས་པ་དང་། ཐོག་མར་གསར་གཏོད་བྱེད་པའི་མ་དངུལ་གཞི་ཁྱོན་སྒོར་དུང་ཕྱུར་1ཡིན་པ་རེད།
            ཐེབས་རྩ་དེས་ཚད་རྡུལ་དངོས་ཁམས་དང་ཚད་རྡུལ་ཆ་འཕྲིན་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་དམིགས་ཡུལ་དུ་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་གཅིག་པའི་ཕུལ་བྱུང་མི་སྣ་དེ་བས་མང་བ་ཚུར་བཀུག་སྟེ་ཚད་རྡུལ་ཆ་འཕྲིན་དང་ཚན་རིག་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་ཚན་རྩལ་གསར་ཤོས་ཀྱི་གནད་དོན་གལ་ཆེན་ལག་གདང་སྦྲེལ་ནས་ཐག་གཅོད་བྱས་ཏེ་རང་རྒྱལ་གྱིས་ཁྱབ་ཁོངས་དེར་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ་ཚན་རྩལ་གྱི་འགྲན་རྩོད་འཇོན་ཐང་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་རེད།
           གླེང་རིན་ཡོད་པ་ཞིག་ནི་ཐེབས་རྩ་དེས་མོ་ཙེའི་ཚད་རྡུལ་བྱ་དགའ་བཙུགས་ནས་རྒྱལ་སྤྱིའི་ཁྱབ་ཁོངས་སུ་ཚད་རྡུལ་འཕྲིན་གཏོང་དང་། ཚད་རྡུལ་རྩིས་རྒྱག ཚད་རྡུལ་ཚད་ལེན་ཞིབ་ཚགས་སོགས་ཁྱབ་ཁོངས་སུ་གྲུབ་འབྲས་བཟང་པོ་ཐོབ་པའི་ཚན་རིག་མཁས་ཅན་ལ་བྱ་དགའ་སྤྲོད་རྒྱུ་རེད།
           ཉེ་བའི་ལོ་ཤས་རིང་ཨན་ཧུའེ་ཞིང་ཆེན་གྱིས་ཚད་རྡུལ་ཆ་འཕྲིན་དང་ཚན་རིག་གི་རྒྱལ་ཁབ་ཚོད་ལྟ་ཁང་གཏོད་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི“འདུ་འགོད་ཨང་དང་པོར”བརྩིས་ནས་ཤེས་ལྡན་མི་སྣ་ཚུད་པའི་སྲིད་ཇུས་རབ་དང་རིམ་པ་དམིགས་སུ་བཀར་ནས་བཟོས་ཏེ་ཁག་དང་པོར་སྒོར་དུང་ཕྱུར་24བཏང་ནས་ཚད་རྡུལ་ཆ་འཕྲིན་དང་ཚན་རིག་གི་རྒྱལ་ཁབ་ཚོད་ལྟ་ཁང་འཛུགས་རྒྱུར་རྒྱབ་སྐྱོར་བྱས་པ་མ་ཟད། ཨན་ཧུའེ་ཞིང་ཆེན་ནོར་སྲིད་ཀྱིས་ན་ནིང་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་100ཟིན་པའི་ཚད་རྡུལ་ཚན་རིག་གི་ཐོན་རྫས་འཕེལ་རྒྱས་ཐེབས་རྩ་བཙུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།