འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་འཕྲལ་སྡོམ་པུས་རྒྱལ་ཁབ་ཀྱི་གེགས་སྐྱོབ་
    འཕྲལ་སྡོམ་འཕྲལ་མར་དང་ལེན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་10ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་7ཚེས་8ཉིན་གྱི་ཆུ་ཚོད་8དང་སྐར་མ་40ལ་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་དང་འཕྲལ་སྡོམ་དོ་དམ་པུས་ཅང་ཤིས་ཞིང་ཆེན་ནན་ཁྲང་དང་། ཅིང་ཏེ་ཀྲེན། ཅིའུ་ཅང་སོགས་སུ་ཉེ་དུས་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཕོག་པར་དམིགས་ནས་རྒྱལ་ཁབ་ཀྱིIVརིམ་པའི་གེགས་སྐྱོབ་འཕྲལ་སྡོམ་འཕྲལ་མར་དང་ལེན་བྱས་ནས་ལས་དོན་ཚོགས་ཆུང་མངགས་ཏེ་གེགས་ཁུལ་དུ་བསྐྱོད་པ་དང་། གནོད་འཚེའི་གནས་ཚུལ་ཞིབ་བཤེར་བྱས་པ། ས་གནས་ལ་གེགས་སྐྱོབ་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བཅས་བྱས་པ་རེད།
           ཅང་ཤིས་ཞིང་ཆེན་དམངས་སྲིད་ཐིང་གི་སྙན་ཞུར་གཞིར་བཟུང་། ཟླ་7ཚེས་7ཉིན་གྱི་ཆུ་ཚོད་18བར་བསྡོམས་རྩིས་བྱས་ན། ཟླ་7ཚེས་5ཉིན་ཚུན་གྱི་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ལས་ནན་ཁྲང་དང་། ཅིང་ཏེ་ཀྲེན། ཅིའུ་ཅང་། ཡན་ཐེན། ཀྲང་ཀྲོའུ། ཅི་ཨན། དབྱི་ཁྲུན། ཕུའུ་ཀྲོའུ། ཧྲང་རའོ་བཅས་ས་ཁུལ་དང་གྲོང་ཁྱེར་9ཡི་རྫོང(གྲོང་ཁྱེར་དང་ཆུས)39ལ་གནོད་འཚེ་ཕོག་མཁན་ཁྲི་91.5བྱུང་བ་དང་གནོད་འཚེས་རྐྱེན་པས་མི་གཅིག་རྐྱེན་ལམ་དུ་ཤོར་ཡོད། མི་ཁྲི་10.2འཕྲལ་མར་གནས་སྤོ་བཀོད་སྒྲིག་བྱས་པ་དང་། འཚོ་བའི་ཐད་འཕྲལ་མར་རོགས་སྐྱོབ་བྱེད་དགོས་པ་མི་ཁྲི་5.6ཡོད་པ། ཞིང་ལས་སྐྱེ་དངོས་སྤྱི་ཆིང་སྟོང་ཕྲག་70.6ལ་གནོད་འཚེ་ཕོག་པར་རྩ་བ་ནས་བསྡུ་རྒྱུ་མེད་པ་སྤྱི་ཆིང་སྟོང་ཕྲག་8.9ཡོད་པ། དུད་ཚང་498ཀྱི་ཁང་མིག་1808བརྡིབས་པ། དུད་ཚང་110ཡི་ཁང་མིག་246ལ་གནོད་འཚེ་ཚབས་ཆེན་ཕོག་པ། དུད་ཚང་1068ཀྱི་ཁང་མིག་2571ལ་གནོད་འཚེ་ཅུང་ཟད་ཕོག་པ་བཅས་ལས་དཔལ་འབྱོར་གྱི་ཐད་ཀའི་གྱོང་གུན་སྒོར་དུང་ཕྱུར་10.1ཕོག་ཡོད་པ་རེད།
           ཅང་ཤིས་ཞིང་ཆེན་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དམངས་སྲིད་ཐིང་གིས་ཟླ་7ཚེས་6ཉིན་གྱི་ཆུ་ཚོད་7པར་ཞིང་ཆེན་རིམ་པའི་གེགས་སྐྱོབ་ཀྱི་IVརིམ་པའི་འཕྲལ་སྡོམ་དང་ལེན་བྱས་པ་དང་ཚེས་7ཉིན་གྱི་ཆུ་ཚོད་16ལ་འཕྲལ་སྡོམ་རིམ་པ་IIIལ་སྤོར་རྒྱུའི་དང་ལེན་བྱས་པ་དང་། ཞིང་ཆེན་ནོར་སྲིད་ཐིང་གིས་ཞིང་ཆེན་རིམ་པའི་གེགས་སྐྱོབ་མ་དངུལ་སྒོར་ཁྲི་500སྔོན་ལ་བཀོད་སྒྲིག་བྱས་པའི་རྨང་གཞིའི་ཐོག་ཞིང་ཆེན་རིམ་པའི་གེགས་སྐྱོབ་དངུལ་སྒོར་ཁྲི་600སླར་ཡང་སྤྲད་པ་དང་སྲིང་བལ་གྱི་ཉལ་ཆས་དང་། ཀམ་པ་ལི། ལྟེབ་ཁྲི་སོགས་ཞིང་ཆེན་རིམ་པའི་གེགས་སྐྱོབ་དངོས་ཟོག་4000གེགས་ཁུལ་དུ་སྤྲད་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་བཀོད་སྒྲིག་ལས་དོན་ཡག་པོ་སྒྲུབ་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།