འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།འབྲོག་པ་དང་མཉམ་དུ་སྐྱ་སྤོའི"ཏང་ཡོན་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས"

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་10ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། མིག་སྔར་འབྲོག་པ་སྐྱ་སྤོའི་དུས་ཚིགས་ལ་སླེབས་པར་གཞིགས་ནས་ཤིན་ཅང་ཧོ་པུའུ་ཁེ་སེར་རྫོང་གིས“སྐོར་སྐྱོད་ཏང་ཀྲི་པུའུ་+སྐོར་སྐྱོད་ལས་དོན་ཚོགས་ཆུང་+སྐོར་སྐྱོད་དམངས་ཕན་ཞབས་ཞུའི་ས་ཚིགས(ཏང་ཡོན་གྱི་སྐོར་སྐྱོད་ཞབས་ཞུའི་ས་ཚིགས)”ཀྱི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ་ཏང་ཀྲི་པུའུ་དང་ལས་དོན་རུ་ཁག་གིས་ཞབས་འདེགས་ཞུ་བ་དང་། རིམ་ཁག་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་ལ་རོགས་རམ་བྱེད་པ་དང་། “ཕྱིང་གུར་གྱི་ཏང་གི་སློབ་ཚན”དང“སྐོར་སྐྱོད་ཞབས་ཞུའི་ས་ཚིགས”སོགས་བྱེད་ཐབས་སྤྱད་དེ་འབྲོག་ཁུལ་གྱི་ཁོར་ཡུག་ལ་རྒྱུས་མངའ་ཡོད་པ་དང་སྐད་གཉིས་ཤེས་པའི་ཏང་ཡོན་ལས་བྱེད་པ་བདམས་ཏེ“རྟ་ཐོག་དྲིལ་བསྒྲགས་རུ་ཁག”བཙུགས་ནས་འབྲོག་ཁུལ་དུ་སྐྱོད་པ་དང་འབྲོག་པའི་ངལ་གསོའི་བར་གསེང་སྤྱད་དེ་འབྲོག་པ་ཚོར་འབྲོག་ཕན་སྲིད་ཇུས་དང་། ས་ཆ་གཙང་བཟོ། རྩྭ་ཐང་སྲུང་སྐྱོང་། ཕྱུགས་རིགས་གསོ་ཚགས། ཕྱུགས་རིགས་ཀྱི་རིམས་ནད་འགོག་བཅོས་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་དང་འགྲེལ་བཤད་བརྒྱབ་ནས་འབྲོག་པར་སྐྱ་སྤོའི་དྲིལ་བསྒྲགས་སློབ་གསོ་ཡག་པོ་ཏན་ཏིག་རྒྱག་པ་དང་འབྲོག་པ་གང་དུ་བསྐྱོད་ཀྱང་ཏང་གི་གསུང་སྒྲ་དེ་གར་གྲགས་ཐུབ་པར་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།