འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།"ཐང་དང་རྒྱ་གར་གནའ་ལམ་"རྟགས་ཅན་གྱི་མེ་འཁོར་བསྐྱོད་འགོ་ཚུགས་པའི་མཛད་
    སྒོ་ལྷ་སར་ཚོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་05ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།'ཐང་དང་རྒྱ་གར་གནའ་ལམ་'རྟགས་ཅན་གྱི་མེ་འཁོར་བསྐྱོད་འགོ་ཚུགས་པའི་མཛད་
སྒོ་ལྷ་སར་ཚོགས་པ།
         མི་དམངས་དྲ་བའི་འཕྲིན། 2017ལོ་ནས་ཤར་གཏོང་བྱས་པའི་ལྷ་ས་——གཞིས་རྩེའི་བར་གྱི་Z8801/2、Z8803/4"ཐང་དང་རྒྱ་གར་གནའ་ལམ"རྟགས་ཅན་གྱི་མེ་འཁོར་སྤུད་རྟགས་བསྐྱོད་འགོ་ཚུགས་པ་ནས་བཟུང་། མིག་སྔའི་བར་དུ་ཡུལ་སྐོར་བ་ཁྲི་140ལྷག་བསུ་སྐྱེལ་བྱས་ཡོད་པ་རེད། ཕན་ནུས་ལྡན་པའི་ངང་ནས་ཡུལ་སྐོར་ཐོན་ལས་གསར་སྤེལ་བྱས་ཡོད་ལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་པ་རེད།
         མཚོ་བོད་ལྕགས་ལམ་གྱི་དཔལ་འབྱོར་འཕར་རྩ་ཆེན་པོ་དང་ཡུལ་སྐོར་འགྲིམ་འགྲུལ་གྱི་མྱུར་ཚད་དང་བདེ་འཇགས་ཀྱི་ཐོན་ཁུངས་ལྡན་པའི་ལེགས་ཆར་བརྟེན་ནས། ཁྱོན་ཡོངས་དང་གཏིང་ཟབ་པའི་ངང་ཡུལ་སྐོར་+ལྕགས་ལམ་གཉིས་གཏིང་ཟབ་ངང་ཟུང་དུ་སྦྲེལ་བས།  ཟླ་7ཚེས་3ཉིན་གྱི་སྔ་དྲོར། "ཐང་དང་རྒྱ་གར་གནའ་ལམ་"རྟགས་ཅན་གྱི་མེ་འཁོར་གྱི་ལམ་དུམ་གཉིས་པ་དང་ལྷ་ས་ནས་འདམ་གཞུངདང་ནག་ཆུ་གྲོང་ཁྱེར་བར་གྱི་ཁྱད་ལྡན་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་བསྐྱོད་འགོ་ཚུགས་པའི་མཛད་སྒོ་ལྷ་སའི་མེ་འཁོར་བབས་ཚུགས་སུ་སྤེལ་བ་རེད།
    ༄༅།།'ཐང་དང་རྒྱ་གར་གནའ་ལམ་'རྟགས་ཅན་གྱི་མེ་འཁོར་བསྐྱོད་འགོ་ཚུགས་པའི་མཛད་
སྒོ་ལྷ་སར་ཚོགས་པ།
    ༄༅།།'ཐང་དང་རྒྱ་གར་གནའ་ལམ་'རྟགས་ཅན་གྱི་མེ་འཁོར་བསྐྱོད་འགོ་ཚུགས་པའི་མཛད་
སྒོ་ལྷ་སར་ཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།