འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་ལན་གྱི་ཙུང་ལི་པ་ཡུས་ཀྱིས་གྲུ་གཟིངས་མགོ་རྟིང་ལོག་པའི་ལས་འཛོལ་གྱི་སྐྱོབ་རོགས་བཀོད་འདོམས་
    ལྟེ་གནས་སུ་གཟིགས་ཞིབ་གནང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་10ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཐེ་ལན་གྱི་ཙུང་ལི་པ་ཡུས་ཀྱིས་གྲུ་གཟིངས་མགོ་རྟིང་ལོག་པའི་ལས་འཛོལ་གྱི་སྐྱོབ་རོགས་བཀོད་འདོམས་
ལྟེ་གནས་སུ་གཟིགས་ཞིབ་གནང་བ།
           མི་དམངས་དྲ་བའི་འཕྲིན། ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལུའེ་ཅན་གྱིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས།  ཟླ་7ཚེས་9ཉིན་ཐེ་ལན་གྱི་ཙུང་ལི་པ་ཡུས་ཀྱིས་གྲུ་གཟིངས་མགོ་རྟིང་ལོག་པའི་ལས་འཛོལ་གྱི་སྐྱོབ་རོགས་བཀོད་འདོམས་ལྟེ་གནས་ལ་གཟིགས་ཞིབ་གནང་བ་དང་། ཝ་ཅི་ལ་སྨན་ཁང་དུ་རྨས་མ་དང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་གཟིགས་པར་ཕེབས་ཡོད་ཅེས་བརྗོད་ཡོད། 
            ལུའེ་ཅན་གྱིས། པ་ཡུས་ཀྱིས་ནུས་ཤུགས་ཡོད་རྒུས་འབྲེལ་ཡོད་ལས་དོན་དག་གང་མགྱོགས་ཐག་གཅོད་བྱས་ནས་དོན་རྐྱེན་དེ་རིགས་བསྐྱར་དུ་མི་ཐོན་གཏན་འགོག་བྱ་རྒྱུ་དང་། ཡུལ་སྐོར་ལས་རིགས་སྤེལ་མཁན་དང་གྲུ་གཟིངས་ཀུང་སི་སོགས་ཀྱིས་སྲིད་གཞུང་གི་ཉེན་བརྡ་སྔོན་གཏོང་བྱེད་པར་བརྩི་སྲུང་ནན་པོ་ཞུ་དགོས་པ་དང་། ལག་རྩལ་གསར་པ་དང་སྒྲིག་ཆས་གསར་པ་བེད་སྤྱོད་བྱས་པ་བརྒྱུད་ཡུལ་སྐོར་གྱི་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཤད་ཡོད་ཅེས་བརྗོད་པ་རེད།
    ༄༅།།ཐེ་ལན་གྱི་ཙུང་ལི་པ་ཡུས་ཀྱིས་གྲུ་གཟིངས་མགོ་རྟིང་ལོག་པའི་ལས་འཛོལ་གྱི་སྐྱོབ་རོགས་བཀོད་འདོམས་
ལྟེ་གནས་སུ་གཟིགས་ཞིབ་གནང་བ།
      

    ཕྱོགས་བསྡུས་གསར་འགྱུར།