འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།"ཀྲུང་ལུགས་སྨན་རྫས་རིག་བཟོའི་ལོ་བཅུའི་བྱ་སྤྱོད་འཆར་གཞི"ལག་བསྟར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་10ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་7ཉིན་ཐེན་ཅིན་དུ་འཚོགས་པའི་རིག་བཟོའི་ཀྲུང་ལུགས་སྨན་རྫས་མཐོ་རིམ་གླེང་སྟེགས་ཐོག་ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་དང་ཐེན་ཅིན་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་སོགས་འབྲེལ་ཡོད་ཚན་ཞིབ་ཚན་པ་དང་མཐོ་སློབ་ཀྱིས་རྒྱལ་ནང་གི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་སྣེ་འདྲེན་ཁེ་ལས་བཅུ་ལྷག་ཙམ་དང་མཉམ་འབྲེལ་བྱས་ནས་ཐུན་མོང་ཐོག“ཀྲུང་ལུགས་སྨན་རྫས་རིག་བཟོའི་ལོ་བཅུའི་བྱ་སྤྱོད་འཆར་གཞི”ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
            རང་རྒྱལ་གྱི་ཀྲུང་ལུགས་སྨན་རྫས་དེང་རབས་ཅན་གྱི་འཐབ་ཇུས་ལག་བསྟར་བྱས་ནས་ལོ་20ལྷག་ཙམ་སོང་ཚུན། ཀྲུང་ལུགས་སྨན་རྫས་བཟོ་ལས་ཀྱི་ཐོན་སྐྱེད་བསྡོམས་འབོར་སྒོར་དུང་ཕྱུར་300མ་ཟིན་པ་ནས་སྒོར་དུང་ཕྱུར་9000བར་འཕར་བ་དང་། ཀྲུང་ལུགས་སྨན་རྫས་ཀྱི་བདེ་ཐང་ཆེ་མོའི་ཐོན་ལས་གཞི་ཁྱོན་གྱི་མ་དངུལ་སྒོར་དུང་ཕྱུར་ཁྲི་2.5ཟིན་ཡོད། དེ་དང་དུས་མཚུངས་ཀྲུང་ལུགས་སྨན་རྫས་ཀྱི་ཐོན་ལས་ཐད་ཐོན་སྐྱེད་བཟོ་རྩལ་རགས་ལས་དང་། ཚན་རྩལ་གྱི་རྨང་གཞི་ཞན་པ། སྤུས་ཚད་དམའ་བ། སྤུས་ཚད་རིམ་པ་སྤོར་དགོས་པ་སོགས་ཀྱི་གནད་དོན་ལྷག་ཡོད། ཀྲུང་ལུགས་སྨན་རྫས་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་ན། ཆ་འཕྲིན་ཅན་དང་མི་ཐབས་རིག་ནུས་ལ་བརྟེན་ནས་ཀྲུང་ལུགས་སྨན་རྫས་ཀྱི་རིག་ནུས་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་དང་ཁྱབ་གདལ་བེད་སྤྱོད་གཞན་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།
           “ཀྲུང་ལུགས་སྨན་རྫས་རིག་བཟོའི་ལོ་བཅུའི་བྱ་སྤྱོད་འཆར་གཞིས”ལས་རིགས་འཕེལ་རྒྱས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ་དང་བློ་གྲོས་སྨན་བཟོའི་ལག་རྩལ་གསར་གཏོད་དང་། ཤེས་ལྡན་མི་སྣའི་གསར་གཏོད། ཚན་ཞིབ་གསར་གཏོད། དོ་དམ་གསར་གཏོད་སོགས་ཕྱོགས་མང་གསར་གཏོད་ལས་སྟེགས་ལ་དམིགས་དགོས་པ་མ་ཟད། མི་ཐབས་རིག་ནུས་དང་མཐོ་གསར་བཟོ་སྐྲུན་སོགས་ལས་རིགས་མང་པོ་བསྡུ་སྒྲིལ་བྱས་ཏེ་ཀྲུང་ལུགས་སྨན་རྫས་ཀྱི་སྔོན་ཐོན་སྨན་སྦྱོར་དང་ཆ་འཕྲིན་ཅན་གྱི་མཉམ་འདྲེས་དཔེ་སྟོན་ཞིབ་འཇུག་བྱས་ནས་ཀྲུང་ལུགས་སྨན་རྫས་ཀྱི་གྲངས་འཛིན་སྨན་སྦྱོར་དང་རིག་ནུས་སྨན་སྦྱོར་གྱི་དཔེ་སྟོན་ཅན་གྱི་ཐོན་སྐྱེད་སྒྲུབ་རིམ་དང་། འཁོར་ཁང་། བཟོ་གྲྭ་བཅས་སྐྲུན་དགོས། ཐོན་སྐྱེད་དང་། སློབ་སྦྱོང་། ཞིབ་འཇུག བེད་སྤྱོད་བཅས་ཟུང་འབྲེལ་བྱས་ཏེ་ཀྲུང་ལུགས་སྨན་རྫས་ཀྱི་རིག་ནུས་སྨན་སྦྱོར་གྱི་ཚད་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཀྲུང་ལུགས་སྨན་རྫས་གྲངས་འཛིན་ཅན་གྱི་འཁོར་ཁང་གི་འདུས་གྲུབ་ཚད་གཞི་དང་གྲངས་གཞི་ཆེ་མོའི་ཀྲུང་ལུགས་སྨན་རྫས་སྨན་སྦྱོར་སྤུས་ཚད་ཚོད་འཛིན་གྱི་ཚད་གཞི་བཟོ་དགོས། རིག་བཟོའི་ཀྲུང་ལུགས་སྨན་རྫས་བྱ་སྤྱོད་ཀྱིས་ཀྲུང་ལུགས་སྨན་རྫས་ཐོན་སྐྱེད་ཁེ་ལས་དབར་ཕན་ཚུན་ལྟ་རེས་དང་། སློབ་སྦྱོང་། བསྡུར་བ་བཅས་ལ་སྐུལ་འདེད་བཏང་ནས་ལས་རིགས་ཀྱི་དཔེ་སྟོན་ཁེ་ལས་བཏོད་དེ་ལས་རིགས་བཟོ་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།
           ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་། ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་གི་ཡོན་ཀྲང་། ཐེན་ཅིན་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་གྱི་སློབ་སྤྱི་ཀྲང་པོ་ལིས“ཀྲུང་ལུགས་སྨན་རྫས་རིག་བཟོའི་ལོ་བཅུའི་བྱ་སྤྱོད་འཆར་གཞི”ལག་བསྟར་བྱས་པ་དེས་ཆ་འཕྲིན་ཅན་དང་། རིག་ནུས་ཅན། བཟོ་ལས་ཅན་དང་སྲོལ་རྒྱུན་ཀྲུང་ལུགས་སྨན་རྫས་རིག་ནུས་བཟོ་སྐྲུན་དང་ཟུང་འབྲེལ་ནུས་ལྡན་བྱེད་པའི་སྐུལ་འདེད་ལག་ཆར་འགྱུར་རྒྱུ་མ་ཟད། ཀྲུང་ལུགས་གསོ་རིག་སྨན་རྫས་ཐོན་ལས་ལྗང་མདོག་དང་། བདེ་འཇགས། སྤུས་ལེགས། ཕན་ཆེ། ཟད་གྲོན་ཆུང་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུ་མངོན་འགྱུར་དང་ཀྲུང་གོ་སྨན་སྦྱོར་གྱི་རྒྱལ་ཁབ་ཆེན་པོ་ནས་སྨན་སྦྱོར་གྱི་རྒྱལ་ཁབ་སྟོབས་ཆེན་གྱི་ཕྱོགས་སུ་མགྱོགས་མྱུར་བསྐྱོད་རྒྱུར་སྐུལ་མ་ཐེབས་སྲིད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།