འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་སྐྲན་འགོག་སྨན་གྱི་སྨན་རིན་གང་མགྱོགས་གཅོག་རྒྱུར་
    ལྟ་སྐུལ་དང་སྐུལ་འདེད་གཏོང་བཞིན་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་10ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་8ཉིན། གསར་འགོད་པར་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ནས་ཤེས་རྟོགས་བྱུང་བར། འབྲེལ་ཡོད་སྡེ་ཚན་ཁག་གིས་སྐྲན་འགོག་སྨན་གྱི་ཁྲལ་ཉུང་དུ་གཏོང་བའི་རྗེས་མཐུད་བྱ་ཐབས་དོན་འཁྱོལ་ཧུར་ཐག་བྱེད་བཞིན་ཡོད་པ་དང་། སྐྲན་འགོག་སྨན་གྱི་སྨན་རིན་གང་མགྱོགས་གཅོག་རྒྱུར་ལྟ་སྐུལ་དང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། སྨན་བཅོས་འགན་བཅོལ་དཀར་ཆག་ཏུ་མེད་པའི་རང་ཚུགས་ཀྱི་སྐྲན་འགོག་སྨན་ལ་འབྲེལ་ཡོད་སྡེ་ཚན་གྱིས་འཇུག་འཐུས་ཀྱི་གྲོས་མོལ་བྱ་རྒྱུ་ཡིན་པ་རེད།
           རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་དེ་གོང་2017ལོའི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་གི་འཇུག་འཐུས་གྲོས་མོལ་ལ་གྲོས་འཆམ་བྱུང་ནས་ཧོ་སའེ་ཏིང་དང་། མེ་ལོ་ཧྭ། དབན་ཁེ་སོགས་སྨན་བཅོས་ནུས་པ་དངོས་འབྲེལ་ལྡན་ཡང་སྨན་རིན་མཐོ་བའི་སྐྲན་ནད་སྨན་བཅོས་ཀྱི་སྨན་རྫས་15སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ཏུ་བཅུག་ཡོད། ནད་ཐོག་སྨན་བཅོས་ལ་རྒྱུན་དུ་སྤྱོད་པ་དང་སྨན་བཅོས་ནུས་པ་དངོས་འབྲེལ་ལྡན་པའི་སྨན་རྫས་མང་ཆེ་བ་སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཁྱབ་ཁོངས་སུ་བཅུག་ཡོད། དཀར་ཆག་ནང་གི་སྐྲན་འགོག་སྨན་རྫས་གོམ་སྟབས་རྗེས་མར་ཆེད་དོན་འོས་སྐུལ་ཉོ་སྒྲུབ་བྱ་རྒྱུ་དང་། ཁྲལ་ཉུང་དུ་བཏང་བའི་ཤུགས་རྐྱེན་ལ་བསམ་བློ་ཞིབ་ཚགས་བཏང་བའི་རྨང་གཞིའི་ཐོག་ཁྲོམ་རའི་འགྲན་རྩོད་བརྒྱུད་སྨན་རིན་གཅོག་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།
          སྨན་བཅོས་འགན་བཅོལ་དཀར་ཆག་ཏུ་མེད་པའི་རང་ཚུགས་ཀྱི་སྐྲན་འགོག་སྨན་གྱི་ཐད་འགན་འཁུར་བ་དེས་འབྲེལ་ཡོད་སྡེ་ཚན་གྱིས་འཇུག་འཐུས་གྲོས་མོལ་དང་། སྨན་བཅོས་འགན་བཅོལ་གྱི་ལས་སྒོ་སྒྲུབ་མཁན་སྒྲིག་གཞི་དང་ཁེ་ལས་ཀྱིས་གྲོས་བསྡུར་བྱས་ནས་ལུགས་མཐུན་རིན་གོང་གཏན་འཁེལ་བྱུང་རྗེས་དཀར་ཆག་གི་ཁྱབ་ཁོངས་སུ་བཅུག་སྟེ་ནད་པའི་ནད་ཐོག་སྨན་བཅོས་ཀྱི་དགོས་མཁོ་དང་། ཁེ་ལས་ཀྱི་ལུགས་མཐུན་ཁེ་བཟང་། ཐེབས་རྩའི་ཐེག་ནུས་བཅས་དོ་སྙོམས་ནུས་ལྡན་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད།
           ཉེ་བའི་ལོ་ཤས་རིང་འབྲེལ་ཡོད་སྡེ་ཚན་གྱིས་བྱ་ཐབས་རབ་དང་རིམ་པ་སྤྱད་པས། 2017ལོའི་གྲོང་མི་མི་སྒེར་གྱི་གཏོང་སྒོས་འཕྲོད་བསྟེན་གྱི་འགྲོ་གྲོན་སྤྱི་འབོར་ནས་བཟུང་བའི་བསྡུར་གྲངས་28.8%བར་ཉུང་དུ་ཕྱིན་པ་དེ་རེས་སྐོར་གསར་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གོང་ལས་བརྒྱ་ཆའི་གྲངས་12ཆག་ཡོད། འགན་འཁུར་བ་དེས་འབྲེལ་ཡོད་སྡེ་ཚན་གྱིས་བླང་བྱ་གཞིར་བཟུང་ལས་དོན་ལ་དམ་འཛིན་གྱིས་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱིས་སྔ་ཙམ་སྨན་ཡག་པོ་སྤྱོད་ཐུབ་པའི་བརྩོན་ལེན་བྱས་ནས་ནད་གཞི་ལྕི་གྲས་ཕོག་པའི་ནད་པའི་སྨན་རིན་གྱི་ཁུར་པོ་ཡང་དུ་རིམ་བཞིན་གཏོང་གང་ཐུབ་བྱ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།