འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཤང་ཀང་གི་དགེ་སློབ་ཀྱིས་མེའོ་རིགས་ཀྱི་གྲོང་ཚོར་དབྱིན་ཡིག་ཟུར་ཁྲིད་བྱེད་སྒོ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་10ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་6ཉིན། ཤང་ཀང་སློབ་ཆེན་གྱི་2018ལོའི་དབྱར་ཁའི་གུང་གསེང་རིང་གི“མེའོ་རིགས་ཡུལ་གྱི་འཚོ་བ་ཉམས་ལེན་གྱི་དབྱར་སྒར”གྱིས་ཀོང་ཤིས་ལིའུ་ཀྲོའུ་གྲོང་ཁྱེར་རུང་ཧྲུའུ་མེའོ་རིགས་རང་སྐྱོང་རྫོང་ཝང་ཏུང་ཤང་ལྟེ་བའི་སློབ་ཆུང་དུ་སློབ་གསོའི་བྱེད་སྒོ་སྤེལ་ཞིང་། ཤང་ཀང་སློབ་ཆེན་གྱི་དགེ་སློབ་10ལྷག་ཙམ་གྱིས་དབྱིན་སྐད་ཀྱི་གཞས་གཏོང་སྟངས་སློབ་པ་དང་། དབྱིན་སྐད་ཀྱི་རོལ་རྩེད་མཉམ་དུ་རྩེ་བ། དབྱིན་སྐད་བསླབ་གཞིའི་འཁྲབ་ཚན་འཁྲབ་པ་སོགས་བརྒྱུད་རི་ཁུལ་གྱི་ཕྲུ་གུ་ཚོར་དབྱིན་ཡིག་ཟུར་ཁྲིད་བྱས་པ་མ་ཟད། དབྱིན་ཡིག་སློབ་སྦྱོང་བྱེད་པའི་ཕྲུ་གུ་ཚོའི་སྤྲོ་བའང་འཕེལ་བར་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།