འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཆོས་དབྱངས་ཡེ་ཤེས་གྱིས་རྩིད་པའི་ཐོན་རྫས་རྩྭ་ཐང་ནས་ཕྱི་རྒྱལ་དུ་འཚོང་བཞིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་05ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཆོས་དབྱངས་ཡེ་ཤེས་གྱིས་རྩིད་པའི་ཐོན་རྫས་རྩྭ་ཐང་ནས་ཕྱི་རྒྱལ་དུ་འཚོང་བཞིན་པ།
         མི་དམངས་དྲ་བའི་འཕྲིན། རིན་ཆེན་སྒྲོལ་མ་ནི་རྔ་པ་ཁུལ་ཧུང་ཡོན་རྫོང་གི་ཁྱུང་མཆུ་གྲོང་རྡལ་རྟ་ལྒ་ལུང་གྲོང་ཚོའི་ལག་ཤེས་འཁལ་འཐག་ཁེ་ལས་ཀྱི་ལག་ཤེས་བཟོ་རྩལ་པ་ཞིག་རེད། ཁེ་ལས་ཀྱི་འགན་འཁུར་བ་ཆོས་དབྱངས་ཡེ་ཤེས་ཀྱིས་རིན་ཆེན་སྒྲོལ་མས་བཟོས་པའི་ཕྱིང་ཞྭ་ངོ་སྤྲོད་བྱས་དོན། འདི་ནི་ཐའེ་ཝན་གྱི་འཛད་སྤྱོད་པར་ཆེད་མངགས་བཟོས་པ་དང་། ཞྭ་མོའི་མཐའ་འཁོར་ཇུས་འགོད་སྟེང་དར་སྲོལ་ཆེ་བའི་རི་མོ་བཀོད་ཡོད་པས།  དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད་།  ང་ཚོའི་ཐོན་རྫས་ཚང་མ་ནོར་གནག་གི་རྩིད་པས་རྒྱུ་ཆ་བྱས་པ་ཡིན་ཞིང་། ལག་བཟོས་བྱས་པ་ཤ་དག་ཡིན་ཞེས་བཤད། ཁོང་གི་རྒྱབ་ཏུ་ཡོད་པའི་བཤམས་སྒྲོམ་ཐོག་ཏུ་ད་དུང་ཁ་དཀྲིས་དང་ཁུག་མ། ལག་པས་བསླས་པའི་ཞྭ་མོ་སོགས་ནོར་གནག་གི་རྩིད་པས་བཟོས་པའི་ཐོན་རྫས་རིགས་30ལྷག་བཞག་ཡོད་ལ། རིན་གོང་ནི་སྒོར་བརྒྱ་ནས་སྟོང་བར་སྣ་ཚོགས་ཡོད་ཅིང་། དེ་ཚོ་ནི་དྲ་རྒྱར་བརྟེན་ནས་ཕྱི་རྒྱལ་དུ་འཚོང་བཞིན་ཡོད་པ་དང་། ཕྱི་རྒྱལ་གྱི་གྲོགས་པོ་མང་པོའི་དགའ་བསུ་ཐོབ་བཞིན་ཡོད་པ་རེད།
         ལོ་4ཡི་སྔོན་དུ། སློབ་ཆེན་མཐར་ཕྱིན་རྗེས་ཆོས་དབྱངས་ཡེ་ཤེས་ཕ་ཡུལ་ཧུང་ཡོན་རྫོང་དུ་ཕྱིར་ལོག་ནས། རང་བརྟེན་ལས་གཏོད་བྱེད་འགོ་བརྩམས་པ་དང་། རྫོང་ནང་གི་བོད་རིགས་བུད་མེད་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པའི་རྣམ་པ་གསར་པའི་བཟོ་ལས་ཁེ་ལས་བཙུགས་པ་རེད། ད་ཆ་།  ཁོང་གི་ཁེ་ལས་ཀྱིས་རིན་ཆེན་སྒྲོལ་མ་ལྟ་བུའི་བུད་མེད་བརྒྱ་ལ་ཉེ་བ་ཙམ་ལ་ལག་རྩལ་གསོ་སྦྱོང་མཁོ་འདོན་བྱས་ཡོད་པ་མ་ཟད། ད་དུང་ཁོང་ཚོར་སྟབས་བསྟུན་ལས་ཞུགས་གོ་སྐབས་གསར་གཏོད་བྱས་ཡོད་པ་རེད།
         ལག་ལེན་འཚོལ་ཞིབ་བྱས་པ་བརྒྱུད། ཆོས་དབྱངས་ཡེ་ཤེས་ཀྱི་ཁེ་ལས་ཚོགས་པས་"སྲོལ་རྒྱུན་བཟོ་རྩལ+"གྱི་འཕེལ་རྒྱས་རྣམ་པ་གྲུབ་ཡོད་པ་རེད།
    ༄༅།།ཆོས་དབྱངས་ཡེ་ཤེས་གྱིས་རྩིད་པའི་ཐོན་རྫས་རྩྭ་ཐང་ནས་ཕྱི་རྒྱལ་དུ་འཚོང་བཞིན་པ།
    ༄༅།།ཆོས་དབྱངས་ཡེ་ཤེས་གྱིས་རྩིད་པའི་ཐོན་རྫས་རྩྭ་ཐང་ནས་ཕྱི་རྒྱལ་དུ་འཚོང་བཞིན་པ།
    ༄༅།།ཆོས་དབྱངས་ཡེ་ཤེས་གྱིས་རྩིད་པའི་ཐོན་རྫས་རྩྭ་ཐང་ནས་ཕྱི་རྒྱལ་དུ་འཚོང་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།