འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྲུང་གོའི་སྤྱི་དམངས་རྒྱ་གར་དུ་སྐྱོད་སྐབས་
    བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་10ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཚེས་8ཉིན་དེའི་དྲ་ཚིགས་ཐོག་སྤྱི་བསྒྲགས་སྤེལ་ནས་ཀྲུང་གོའི་སྤྱི་དམངས་རྒྱ་གར་དུ་སྐྱོད་སྐབས་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
           སྤྱི་བསྒྲགས་ནང་དབྱར་ཁ་ཤར་བ་ནས་བཟུང་རྒྱ་གར་གྱི་ས་ཁུལ་ཁག་ལ་སྔ་རྗེས་སུ་ཆར་དུས་སླེབས་ནས་ཆུ་ལོག་དང་འདམ་རྡོའི་ཆུ་རུད་སོགས་རང་བྱུང་གི་གནོད་འཚེ་དང་དེ་བཞིན་ནད་ཡམས་ཐོན་མང་དུ་སོང་བ་དང་འགྲིམ་འགྲུལ་གྱི་ལས་འཛོལ་ཡང་ཡང་ཐོན་གྱི་ཡོད་ཅེས་འཁོད་ཡོད། སྤྱི་བསྒྲགས་ནང་རྒྱ་གར་དུ་ཡུལ་སྐོར་ལ་སྐྱོད་མཁན་ཚོས་ངེས་པར་དུ་ས་གནས་དེ་གའི་འགྲིམ་འགྲུལ་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས་པ་མ་ཟད། འཕྲོད་བསྟེན་འགོག་སྲུང་ལ་ཤུགས་སྣོན་རྒྱག་པ་དང་རིམས་ནད་སྔོན་འགོག་ལ་དོ་སྣང་བྱེད་དགོས་པ་དཔེར་ན། ཚ་བ་རྒྱས་པ་དང་། མགོ་བོ་ན་བ། སྐྱུག་པ་ཤོར་བ་སོགས་ཀྱི་ན་ལུགས་ན་སྟངས་ཡོད་ན་འཕྲལ་དུ་སྨན་ཁང་ལ་སྨན་བཅོས་བྱེད་པར་འགྲོ་དགོས། དེ་དང་ཆབས་ཅིག་རྒྱ་གར་གྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། ཡུལ་གོམས་གཤིས་ལུགས་བཅས་ལ་བརྩི་སྲུང་ཞུས་ནས་ས་གནས་དེ་གའི་ཆོས་ལུགས་དང་། ཡུལ་གོམས་གཤིས་ལུགས་ལ་བརྩི་སྲུང་མི་ཞུ་བའི་སྐད་ཆའམ་ཡང་ན་བྱ་སྤྱོད་མ་ཐོན་སྔོན་འགོག་བྱེད་དགོས་པ་མ་ཟད་ས་གནས་དེ་གའི་ཁྲིམས་སྐྱོང་མི་སྣའི་ཞིབ་བཤེར་བྱ་རྒྱུར་གཞོགས་འདེགས་ཀྱང་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
          སྤྱི་བསྒྲགས་ནང་ཀྲུང་གོའི་སྤྱི་དམངས་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་སོགས་ཕྱི་རྒྱལ་བ་བཀག་སྡོམ་བྱེད་པའི་ས་ཁོངས་སུ་སྐྱོད་སྐབས་རྒྱ་གར་གྱི་ཕྱི་རྒྱལ་བར་དོ་དམ་བྱེད་པའི་སྡེ་ཚན་ལ་སྔ་སྣུར་དུ་བློ་འདྲི་བྱེད་པ་མ་ཟད། ཡིག་ཐོག་གི་འཐུས་མཆན་རེ་ཞུ་བྱེད་དགོས། རྒྱ་གར་གྱི་མཐའ་སྲུང་དང་དམག་དོན་གྱི་སྒྲིག་ཆས་ལ་པར་རྒྱག་མི་ཆོག གཞན་ཡང་ཕྱིར་མ་བསྐྱོད་གོང་རྒྱལ་གྲོལ་ཐོངས་མཆན་གོ་ཆོད་མིན་ལ་ལྟ་དགོས། གལ་སྲིད་རྒྱལ་གྲོལ་ཐོངས་མཆན་དུས་ཚོད་ཡོལ་བ་ཤེས་རྟོགས་བྱུང་ན་རྒྱ་གར་གྱི་ནང་སྲིད་སྡེ་ཚན་གྱི་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་དོ་དམ་ཁྲུའུ་ལ་རྒྱལ་མཚམས་ལས་སྒྲོལ་བའི་ཆོག་མཆན་དུས་ཐོག་ཏུ་རེ་ཞུ་བྱེད་དགོས་པ་མ་ཟད། རྒྱ་གར་ཕྱོགས་ཀྱི་བརྟག་དཔྱད་ལ་ངང་རྒྱུད་རིང་པོའི་སྒོ་ནས་གཞོགས་འདེགས་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།