འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ལན་ཀྲོའུ་རྒྱལ་སྤྱིའི་མཱ་ལ་སུང་འགྲན་བསྡུར་རྨ་ཆུའི་འགྲམ་དུ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་12ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་10ཉིན། “ལན་ཀྲོའུ་དངུལ་ཁང་བུམ་པའི”2018ལོའི་ལན་ཀྲོའུ་རྒྱལ་སྤྱིའི་མཱ་ལ་སུང་འགྲན་བསྡུར་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། ཀྲུང་གོ་དང་། ཨ་རི། པ་རེན། ཨེ་ཙེ་ཨོ་ཕི་ཡ། ཁེན་ནི་ཡ་སོགས་རྒྱལ་ཁབ་དང་ས་ཁུལ་20ནས་ཡོང་བའི་བདམས་ཐོན་པ་ཁྲི་4ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།
         འགྲན་བསྡུར་དེ་ལམ་ཐིག་ཧྲིལ་པོ་དང་། ལམ་ཕྱེད། ལམ་ཐུང་བཅས་མཱ་ལ་སུང་གི་རྣམ་གྲངས་གསུམ་ལ་ཕྱེ་ཡོད། ཨེ་ཙེ་ཨོ་ཕི་ཡ་ནས་ཡིན་པའི་ཝོར་ཏེ་ལེ་ཀེས་ཆུ་ཚོད་2དང་སྐར་མ་11དང་སྐར་ཆ་00ཡི་གྲུབ་འབྲས་ཐོག་ནས་སྐྱེས་པའི་ལམ་ཐིག་ཧྲིལ་པོའི་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་དང་། པ་རེན་གྱི་བདམས་ཐོན་པ་ཧ་སང་གིས་ཆུ་ཚོད་2དང་སྐར་མ་32དང་སྐར་ཆ་22ཀྱི་གྲུབ་འབྲས་ཐོག་ནས་བུད་མེད་ཀྱི་ལམ་ཐིག་ཧྲིལ་པོའི་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་རེད།
         ལན་ཀྲོའུ་རྒྱལ་སྤྱིའི་མཱ་ལ་སུང་འགྲན་བསྡུར་2011ལོར་སྤེལ་འགོ་ཚུགས་པ་དང་། 2017ལོའི་ཟླ་12པར་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་མཐུན་ཚོགས་ཀྱི་ལེགས་སྐྱེས་འགྲན་བསྡུར་དུ་རིམ་སྤོར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།