འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་བདུན་ཚོགས་པའི་དབུ་ཚོགས་གྲོལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་12ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། དུས་ཡུན་ཉིན་གཉིས་ཀྱི་རྒྱལ་ཁབ་བདུན་ཚོགས་པའི་དབུ་ཚོགས་ཚེས་9ཉིན་གྲོལ་བ་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡི་ཚོང་དོན་གནད་དོན་ཐད་ཀྱི་བརྗོད་ཚིག་ནན་ཞིང་བཙན་པས་རྒྱལ་ཁབ་བདུན་ཚོགས་པའི་ནང་ཁུལ་གྱི་འགལ་བ་ཆེ་རུ་ཕྱིན་པ་རེད།
         དབུ་ཚོགས་གྲོལ་རྗེས་མཉམ་འབྲེལ་སྤྱི་བསྒྲགས་སྤེལ་བ་དང་དེའི་ནང་དོན་བསྟུན་མཁས་རང་བཞིན་གྱི་དཔལ་འབྱོར་འཕར་བ་དང་། ཕོ་མོ་འདྲ་མཉམ། བུད་མེད་ལ་དབང་ཆ་སྤྲོད་པ། འཛམ་གླིང་ཞི་བདེ་དང་བདེ་འཇགས། འབྱུང་འགྱུར་གྱི་ལས་ཀའི་གོ་སྐབས། གནམ་གཤིས་འགྱུར་ལྡོག རྒྱ་མཚོ་སོགས་ཀྱི་གྲོས་དོན་དང་འབྲེལ་བ་ཡོད་པ་རེད།
          ཁ་ན་ཏའི་ཙུང་ལི་ཐེ་ལུ་ཏོ་ཡིས་ཚོགས་འདུ་གྲོལ་རྗེས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་དབུ་ཚོགས་ལ་གྲུབ་འབྲས་ཐོབ་པ་དང་རྒྱལ་ཁབ་བདུན་ཚོགས་པའི་འགོ་ཁྲིད་མི་སྣས་སྤྱི་བསྒྲགས་སྤེལ་རྒྱུར་མོས་མཐུན་བྱས་ཡོད་མོད། འོན་ཀྱང“དེས་ཨ་རིའི་ཙུང་ཐུང་གིས་ཚོང་དོན་དང་འཛམ་གླིང་ལ་ལྟ་སྟངས་འགྱུར་མི་ཐུབ”ཅེས་བཤད། ཐེ་རོན་ཕུའུ་ཡི་ཚོང་དོན་གནད་དོན་ཐད་ཀྱི་བརྗོད་ཚིག་ནན་ཞིང་བཙན་པས(རྒྱལ་ཁབ་བདུན་ཚོགས་པས)ཚོང་དོན་གནད་དོན་ཐད་ད་དུང་ལས་དོན་མང་པོ་ཞིག་སྒྲུབ་དགོས་པ་མཚོན་གྱི་ཡོད།
         ཐེ་ལུ་ཏོ་ཡིས་རྒྱལ་ཁབ་བདུན་ཚོགས་པའི་ཁྲོད་རྒྱལ་ཁབ་5ཡིས་ཁོར་ཡུག་དང་རྒྱ་མཚོར་སྲུང་སྐྱོང་བྱེད་པའི་ཐད་གྲོས་མཐུན་འཇོག་རྒྱུའི་མོས་མཐུན་བྱས་ཡོད་ཅེས་བཤད། ཁ་ན་ཏའི་དཔོན་རིགས་ཀྱིས་ཨ་རི་དང་རི་པིན་གྱིས་གྲོས་མཐུན་དེར་མིང་རྟགས་བཀོད་མེད་པའི་རྒྱུ་མཚན་ནི་ཁོང་ཚོས་འགྱིག་རྫས་ཉུང་དུ་གཏོང་རྒྱུའི་ཐད་ཁས་ལེན་བརྟན་པོ་བྱེད་འདོད་མེད་པས་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།