འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མཐོ་རྒྱུགས་ཀྱི་དྲ་ཐོག་རྒྱུགས་བཅོས་འགོ་ཚུགས་ནས་སྐར་གྲངས་ཟླ་6ཚེས་25ཉིན་ཁྱབ་བསྒྲགས་བྱ་རྒྱུ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་12ཉིན། 12:55】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་བོད་ལྗོངས་ཀྱི་2018ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས(གཤམ་དུ་བོད་ལྗོངས་ཀྱི་2018ལོའི་མཐོ་རྒྱུགས་ཞེས་བསྡུ་རྒྱུ)ཀྱི་དྲ་ཐོག་རྒྱུགས་བཅོས་སྐུལ་སློང་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་2018ལོའི་མཐོ་རྒྱུགས་ཀྱི་དྲ་ཐོག་རྒྱུགས་བཅོས་ཟླ་6ཚེས་11ཉིན་འགོ་ཚུགས་པ་དང་། སློབ་མའི་སྐར་གྲངས་ཟླ་6ཚེས་25ཉིན་སྤྱི་ཚོགས་སུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད།
          དྲ་ཐོག་རྒྱུགས་བཅོས་ལས་དོན་མཇུག་འགྲིལ་རྗེས། མཐོ་རྒྱུགས་དྲ་ཐོག་རྒྱུགས་བཅོས་གཞུང་ལས་ཁང་གིས་རྒྱུགས་སྤྲོད་སློབ་མའི་སྐར་གྲངས་དང་།  སློབ་མའི་ཐེམ་ཁུངས།  སློབ་བསྡུའི་འཆར་གཞི་བཅས་ཕྱོགས་བསྡུས་དབྱེ་ཞིབ་བྱས་ནས་མཐོ་སློབ་ཀྱི་སློབ་བསྡུའི་སྐར་གྲངས་ཚད་གཞི་དམའ་ཤོས་ཀྱི་གྲོས་འགོ་དང་ཇུས་གཞི་ཞིབ་བཟོ་བྱ་རྒྱུ་དང་འབྲེལ། བོད་རང་སྐྱོང་ལྗོངས་སློབ་བསྡུ་ཡིག་རྒྱུགས་ཨུ་ལྷན་ལ་ཞིབ་བཤེར་བྱ་རྒྱུར་འབུལ་རྒྱུ་ཡིན་པ་དང་སློབ་མའི་ཡིག་རྒྱུགས་སྐར་གྲངས་བསྐྱར་ཞིབ་བྱས་ནས་ནོར་འཁྲུལ་མེད་པར་གཏན་འཁེལ་བྱས་རྗེས། ཟླ་6ཚེས25ཉིན་སྤྱི་ཚོགས་སུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་བོད་ལྗོངས་ཀྱི་མཐོ་རྒྱུགས་བདེ་བླག་ངང་ལེགས་སྒྲུབ་ཡོང་ཆེད། ད་ལོ་བོད་ལྗོངས་ཀྱིས་ལྷ་ས་སོགས་གྲོང་ཁྱེར་དུ་རྒྱུགས་རའི་ཨུ་ཡོན་ལྷན་ཁང་དང་ཡིག་རྒྱུགས་བདེ་འཇགས་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། རང་སྐྱོང་ལྗོངས་རིམ་པ་དང་གྲོང་ཁྱེར་དང་ས་གནས་རིམ་པ་གཉིས་ཀྱི་མཐོ་རྒྱུགས་ཀྱི་རྒྱུགས་སྤྲོད་བདེ་འཇགས་བཀོད་འདོམས་པུའུ་བཙུགས་པ། སློབ་གསོ་དང་སྤྱི་བདེ། གསང་སྲུང་། འཕྲོད་བསྟེན་འཆར་བཙའ་ཨུ་ལྷན། མེ་ཟོན། གློག་འཕྲིན་སོགས་སྡེ་ཚན་ལས་གྲུབ་པའི་མཉམ་འབྲེལ་གཞུང་ལས་ཚོགས་ཆུང་བཙུགས་ནས། མཐོ་རྒྱུགས་ཀྱི་བདེ་འཇགས་དང་ཡིག་རྒྱུགས་ལས་དོན་ལ་གཅིག་གྱུར་གྱིས་བཀོད་འདོམས་བྱས་ཡོད། ཟླ་6ཚེས་9ཉིན་བར་ཡིག་རྒྱུགས་མཇུག་ཤོས་ཀྱི་བོད་ཡིག་ཡིག་རྒྱུགས་དེ་མཇུག་སྒྲིལ་བའི་བར་བོད་ལྗོངས་སུ་སློབ་མས་སྒྲིག་འགལ་ངང་ཁ་པར་རྒྱུགས་རར་འཁྱེར་བ་གཅིག་ཤེས་རྟོགས་བྱུང་བ་ལས། གཞི་ཁྱོན་ཆེ་བའི་མཉམ་སྡེབ་ཀྱི་གཡོ་ཟོལ་བྱ་སྤྱོད་དང་ཚབ་རྒྱུགས་བྱ་སྤྱོད་ཐོན་མེད།
         ཉུང་ཤས་ཀྱིས་ཁྲིམས་འགལ་ངང་སྐུད་མེད་གློག་ཆས་བཀོལ་ནས་གཡོ་ལས་བྱེད་པ་དང་ཡིག་རྒྱུགས་སྒྲིག་ལམ་ལ་གཏོར་བཤིག་གཏོང་བར་སྔོན་འགོག་བྱ་ཆེད། མཐོ་རྒྱུགས་གི་རིང་བོད་ལྗོངས་སྐུད་མེད་གློག་བེད་སྤྱོད་དོ་དམ་ཅུས་ཀྱིས་སྐུད་མེད་གློག་དོ་དམ་ལག་རྩལ་གྱི་ལེགས་ཆ་སྤྱད་ནས་མཐོ་རྒྱུགས་སྐབས་ཀྱི་གཡོ་ལས་ལ་ངོ་རྒོལ་བྱེད་པའི་སྐུད་མེད་གློག་འགན་སྲུང་ལས་དོན་སྤེལ་ཡོད། བོད་རང་སྐྱོང་ལྗོངས་སྐུད་མེད་གློག་དོ་དམ་ཅུས་ཀྱི་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ཀྲེན་ཀྲང་ཝང་ཙེ་ཅུན་གྱིས་གསར་འགོད་པར“མཐོ་རྒྱུགས་རིང་བོད་ལྗོངས་ཀྱི་སྐུད་མེད་གློག་ལྟ་ཞིབ་ཚད་ལེན་རླངས་འཁོར་40 ལྷག་ཙམ( མི་ཐེངས་60ལྷག་ཙམ)མངགས་ཏེ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་7གྱི་མཐོ་རྒྱུགས་ས་ཚིགས་མཐའ་འཁོར་གྱི་སྐུད་མེད་གློག་གི་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱས་ནས། ཉིན་གསུམ་ལ་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་བོད་ལྗོངས་སུ་སྐུད་མེད་གློག་བེད་སྤྱོད་བྱས་ནས་གཡོ་ལས་ཀྱི་བྱ་སྤྱོད་སྤེལ་མཁན་ཐོན་མེད”ཅེས་བཤད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།