འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།འབྲི་ཆུའི་ཟུར་གསུམ་གྱི་ས་ཁུལ་བཞིས་རྒྱ་མཚོའི་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་ལ་
    ཤུགས་སྣོན་བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་12ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་8ཉིན། ཧྲང་ཧའེ་ཕུའུ་ཏུང་ཁུལ་གསར་དང་། ཉིང་པོ་གྲོང་ཁྱེར། ནན་ཐུང་གྲོང་ཁྱེར། ཀྲོའུ་ཧྲན་གྲོང་ཁྱེར་བཅས་རྒྱ་མཚོའི་གཙོ་གཉེར་སྡེ་ཚན་གྱིས་《འབྲི་ཆུའི་ཟུར་གསུམ་ས་ཁོངས་ཀྱི་རྒྱ་མཚོའི་དཔལ་འབྱོར་མཐུན་སྦྱོར་གསར་གཏོད་འཕེལ་རྒྱས་མནའ་འབྲེལ་》གྱི་གྲོས་ཡིག་བཞག་སྟེ། ཧྲང་ཧའེ་ལིང་ཀང་རྒྱ་མཚོའི་མཐོ་གསར་ལག་རྩལ་ཐོན་ལས་ཅན་རྟེན་གཞི་དང་། ཉིང་པོ་མའེ་ཧྲན་རྒྱ་མཚོའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དཔེ་སྟོན་རྟེན་གཞི། ཅང་སུའུ་ཞིང་ཆེན་ཐུང་ཀྲོའུ་མཚོ་ཁུག་གི་ཅང་ཧའེ་མཉམ་འགུལ་གསར་སྤེལ་དཔེ་སྟོན་ཁུལ། ཀྲོའུ་ཧྲན་ཆུན་ཏའོ་ཁུལ་གསར་གྱི་རྒྱ་མཚོའི་ཐོན་ལས་གཅིག་སྡུད་ཁུལ། ཚའེ་ཧུང་ཡུས(ཀྲོའུ་ཧྲན)རྒྱ་མཚོའི་འཐབ་ཇུས་གསར་དར་ཐོན་ལས་དཔེ་སྟོན་གླིང་སོགས་ས་ཁུལ་བཞིའི་མཚོ་འབྲེལ་གླིང་ཁུལ་ལྔས་མཉམ་ལས་རྒྱ་ཁྱབ་བྱས་ནས་མཚོ་འབྲེལ་རིགས་ཀྱི་ཤེས་ལྡན་མི་སྣ་དང་། ཚན་རྩལ། དངུལ་རྩ། རྣམ་གྲངས། ཁྲོམ་ར་སོགས་ཐོན་ཁུངས་སྐྱེལ་འདྲེན་གྲབས་གསོག་གི་ས་ཁོངས་སྒྲོལ་བའི་མཐུན་སྦྱོར་ལས་སྟེགས་བཏོད་ཡོད་པ་རེད།
         ཕུའུ་ཏུང་ཁུལ་གསར་དང་། ཉིང་པོ་གྲོང་ཁྱེར། ནན་ཐུང་གྲོང་ཁྱེར། ཀྲོའུ་ཧྲན་གྲོང་ཁྱེར་བཅས་ཀྱི་རྒྱ་མཚོའི་ཐོན་ཁུངས་ཀྱི་ལེགས་ཆ་ཕུན་སུམ་ཚོགས་ལ། རྒྱ་མཚོའི་ཐོན་ལས་སོ་སོར་ཁྱད་ཆོས་ལྡན་པས། ཚང་མར“རྒྱལ་ཁབ་ཀྱི་རྒྱ་མཚོའི་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར”གྱི་མཚན་སྙན་ཐོབ་ཡོད་པ་རེད། ས་ཁུལ་བཞིའི་རྒྱ་མཚོའི་དཔལ་འབྱོར་གསར་གཏོད་མཐུན་སྦྱོར་ལམ་སྲོལ་བཟོས་པ་དེས་ཧྲང་ཧའེ་དང་། ཅང་སུའུ། ཀྲེ་ཅང་བཅས་ཀྱིས་ཐུན་མོང་ཐོག་འབྲི་ཆུའི་ཟུར་གསུམ་གྱི་མཚོ་འགྲམ་ཐོན་ལས་ཁུལ་འཕེལ་རྒྱས་གཏོང་རྒྱུར་ཕན་པ་ཡོད་ལ། འབྲི་ཆུའི་ཟུར་གསུམ་ས་ཁོངས་ཀྱི་རྒྱ་མཚོའི་ཐོན་ལས་གཅིག་སྡུད་དང་ཐོན་ལས་མ་ལག་རིམ་སྤོར་བྱེད་མགྱོགས་སུ་འགྲོ་རྒྱུར་ཡང་ཕན་པ་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ལས་སྟེགས་ཀྱིས་ཐོན་ལས་མཐུན་སྦྱོར་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐོན་ལས་རྣམ་གྲངས་དང་ཐོན་ལས་ཐོན་ཁུངས་ཕྱོགས་ཡོངས་ནས་གསེད་བཀྲོལ། དུས་བཀག་ལྟར་ཚོང་འགུགས་འོས་སྦྱོར་བྱེད་སྒོ་གལ་ཆེན་སྤེལ་བ་བཅས་བྱས་ནས་ཆ་འཕྲིན་མཉམ་སྤྱོད་མངོན་འགྱུར་ཡོང་བ་དང་རྒྱ་མཚོའི་ཐོན་ལས་གོ་རིམ་ལྡན་པའི་ངང་སྤོ་སྒྱུར་དང་གཅིག་སྡུད་ཐོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་དང་ཤེས་ལྡན་མི་སྣའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ།“འབྲི་ཆུའི་ཟུར་གསུམ་གྱི་རྒྱ་མཚོའི་ཐོན་ལས་གསར་གཏོད་མནའ་འབྲེལ”འཛུགས་རྒྱུར་གྲབས་གསོག་དང་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཚན་ཞིབ་ཁང་དང་ཁེ་ལས་ཀྱིས་མཉམ་ལས་ཞིབ་སྤེལ་སྒྲིག་གཞི་དང་དེ་བཞིན་མཉམ་འབྲེལ་ལག་རྩལ་སྤོ་སྒྱུར་ལྟེ་གནས་འཛུགས་རྒྱུར་སྐུལ་འདེད་བཏང་ནས་མཚོ་འབྲེལ་ཤེས་ལྡན་མི་སྣ་ནང་འདྲེན་བྱ་རྒྱུ་ཕན་ཚུན་འབྲེལ་མཐུད་དང་། ཐུན་མོང་ཐོག་ཤེས་ལྡན་མི་སྣ་གསོ་སྐྱོང་། ཤེས་ལྡན་མི་སྣར་གདེང་འཇོག་བྱེད་པར་ངོས་འཛིན་ཡང་དག ལས་སྟེགས་གསར་གཏོད་བྱ་རྒྱུ་དེ་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་ལས་དོན་ཡག་པོ་སྤེལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།