འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་དང་ཧི་མ་ལ་ཡའི་ཁུལ་གྱི་མིའི་རིག་པའི་ཞིབ་འཇུག

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་08ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ཁྲ་ཨེར་སི་•ལན་པའོ་(Charles Ramble)ཡིས་འཆད་ཁྲིད་གནང་བཞིན་པ།
    ཁྲ་ཨེར་སི་•ལན་པའོ་(Charles Ramble)ཡིས་འཆད་ཁྲིད་གནང་བཞིན་པ།
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་4ནས་ཚེས་8བར། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པ་ཞིབ་འཇུག་གླིང་གིས་གཙོ་གཉེར་བྱས་པའི་ཕྱི་རྒྱལ་གྲགས་ཅན་མཁས་དབང་གི་མི་རིགས་སློབ་གྲྭའི་གླེང་སྟེགས་ཀྱིས་རྒྱལ་སྤྱིའི་བོད་རིག་པ་མཁས་ཅན་ཁྲ་ཨེར་སི་•ལན་པའོ་(Charles Ramble)གདན་འདྲེན་ཞུས་ནས་བོད་ལྗོངས་དང་ཧི་མ་ལ་ཡའི་ཁུལ་གྱི་མིའི་རིག་པའི་ཞིབ་འཇུག་སྐོར་ལ་འཆད་ཁྲིད་གནང་ཡོད་དེ། ད་ཐེངས་ཀྱི་འཆད་ཁྲིད་དེ་དུས་ཡུན་ཉིན་ལྔ་ཡོད་པ་དང་ཉིན་རེར་དོན་ཚན་ཆུང་བ་རེ་དབྱེ་ཡོད་ཅིང་།  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཚེ་རིང་ཐར་སོགས་ཀྱིས་འཆད་ཁྲིད་གཙོ་སྐྱོང་གནང་ཡོད།
           ཁྲ་ཨེར་སི་•ལན་པའོ་Charles Rambleནི་རྒྱལ་སྤྱིའི་བོད་རིག་པ་མཁས་ཅན་ཡིན་ཅིང་། གཙོ་བོ་ཧི་མ་ལ་ཡའི་ཁུལ་གྱི་བོད་རིག་པ་དང་། མིའི་རིག་པ་དང་འབྲེལ་བའི་ཕྱག་ལས་གནང་བཞིན་ཡོད། པ་ལི་མཐོ་རིམ་ལག་ལེན་ཞིབ་འཇུག་སློབ་གླིང་དང་དབྱིན་ཇིའི་ཉིའུ་ཅིན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ། རྒྱལ་སྤྱིའི་བོད་རིག་པ་ཚོགས་པའི་ཀྲུའུ་ཞི་ཟུར་པ་དང་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་མཐུན་ཚོགས་བློ་འདོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི། པོ་ལི་ཨར་(Bri11)བོད་ཀྱི་དཔེ་མཛོད་ཁང་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བཅས་ཡིན། ཚབ་མཚོན་གསུང་རྩོམ་
    The Navel of the Demoness: Tibetan Buddhism andCivil Religion in Highland Nepalདང་(Tibetan Sources for a Social History of Mustang, Nepal, volumel-4)4སོགས་ཡོད།
    【1】  【2】  【3】  【4】  【5】  【6】
    ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཚེ་རིང་ཐར་གྱིས་གཙོ་སྐྱོང་གནང་བཞིན་པ།
    ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཚེ་རིང་ཐར་གྱིས་གཙོ་སྐྱོང་གནང་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།