འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་
    ཡོངས་བསྒྲགས་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་07ཉིན། 15:26】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་
ཡོངས་བསྒྲགས་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་6ཚེས་6ཉིན། ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་ཞིབ་འཇུག་གསར་སྤེལ་བྱས་པའི་བོད་ཡིག་རིག་ནུས་ཡིག་སྒྱུར་དང་མཉམ་འགུལ་ཅན་གྱི་སྒྲ་སྐད་མ་ལག་ཁྱབ་སྤེལ་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས་པ་རེད།
          གྲངས་གཞི་ཆེན་པོ་དང་མིས་བཟོས་རིག་ནུས། འཕྲུལ་ཆས་ཡིག་སྒྱུར་སོགས་ཀྱི་ལག་རྩལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་སྐད་རིགས་ཡིག་སྒྱུར་གྱི་དགོས་མཁོ་སྣ་མང་ཅན་དུ་གྱུར་ནས་དུས་རབས་གསར་པའི་མི་རིགས་སྐད་ཡིག་ཡིག་སྒྱུར་ལས་དོན་ལ་འགྲན་སློང་གསར་པ་བཏོན་ཡོད། མི་རིགས་སྐད་ཡིག་གི་རིག་ནུས་ཡིག་སྒྱུར་དང་། ལྷག་པར་དུ་རིག་ནུས་སྒྲ་ལྡན་ཡིག་སྒྱུར་ཞིབ་སྤེལ་གཏིང་ཟབ་བྱེད་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཁབ་ཀྱི་སྐད་ཡིག་ལས་དོན་དང་མི་རིགས་ལས་དོན། ཆ་འཕྲིན་ཅན་གྱི་ལས་དོན་བཅས་ཀྱི་ནང་དོན་གལ་ཆེན་དུ་གྱུར་ཡོད་པ་རེད།  
          ཐེངས་འདིའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་གཅིག་སྡུད་འགྲེམས་སྟོན་བྱས་པའི་ཡིག་སྒྱུར་མཉེན་ཆས་ཁྱོན་བསྡོམས་རིགས་12ཡོད་ཅིང་། དེའི་ནང་བོད་རྒྱ(རྒྱ་བོད)རིག་ནུས་ཡིག་སྒྱུར་མ་ལག(དྲ་རྒྱའི་པར་མ)དང་། བོད་རྒྱ་གླེང་མོལ་འབྲེལ་ལམ(ཨན་ཀྲོའུ་པར་མ་དང་། ཀུ་ཤུ་པར་མ། PCཔར་མ་བཅས་ཚུད)དང་། བོད་རྒྱ་སྒྲ་སྐད་ཡིག་འབེབས་མ་ལག(ཨན་ཀྲོའུ་པར་མ་དང་། ཀུ་ཤུ་པར་མ། PCཔར་གཞི་བཅས་ཚུད)དང་། སུའུ་ཀུའུ་ལྟ་བྱེད་ཡོ་ཆས་ཀྱི་བོད་རྒྱ་ཡིག་སྒྱུར་མཉེན་ཆས། བོད་ཡིག་སྒྲ་སྐད་ཡིག་འབེབས་ཕབ་གཞོང་(ཨན་ཀྲོའུ་པར་མ་དང་ཀུ་ཤུ་པར་མ) Windowsབོད་ཡིག་སྒྲ་སྐད་ཡིག་འབེབས་ཕབ་གཞོང་(PCཔར་མ)དང་། བོད་རྒྱ་རིག་ནུས་ཀྱི་སྒྲ་སྐད་ཡིག་སྒྱུར་མཉེན་ཆས(ཨན་ཀྲོའུ་པར་མ་དང་ཀུ་ཤུ་པར་མ) བོད་ཡིག་གི་དྲ་ཐོག་ཞུ་དག་མཉེན་ཆས། བོད་ཡིག་གི་གློག་རྡུལ་ཚིག་མཛོད། བོད་ཡིག་གི་དབྱེ་འབྱེད་བཤར་འབེབས་(OCR)མཉེན་ཆས་དང་། ཁྲིམས་རའི་འདྲི་གཅོད་རིག་ནུས་སྒྲ་སྐད་མ་ལག དེ་བཞིན་འདི་ལོའི་ཟླ་7པར་ཞིབ་སྤེལ་ལེགས་འགྲུབ་ཟིན་རྒྱུའི་བོད་རྒྱ་པར་ལེན་ཡིག་སྒྱུར་མ་ལག་བཅས་ཚུད་ཡོད་པ་རེད།
          ཡིག་སྒྱུར་མཉེན་ཆས་12དེ་དག་གི་སྐད་རིགས་གཞན་གྱི་པར་མ་ཉེར་སྤྱོད་སྔ་སྣུར་དུ་བྱས་པ་ལ་སྤྱི་ཚོགས་ལས་རིགས་ཁག་གི་གདེང་འཇོག་བཟང་པོ་རྒྱ་ཁྱབ་ཏུ་ཐོབ་ཡོད་རེད། ལྷག་པར་དུ་རིག་ནུས་ཡིག་སྒྱུར་དང་མཉམ་འགུལ་ཅན་གྱི་སྒྲ་སྐད་མ་ལག་གིས་སྐད་རིགས་ནས་སྐད་རིགས་བར་གྱི་དུས་ཐོག་གླེང་མོལ་མངོན་འགྱུར་བྱུང་ཡོད་པ་སྟེ། བཤད་མ་ཐག་ཡིག་སྒྱུར་ཐུབ་པ་དང་གློག་ཀླད་ནང་འཇུག་བདེ་བ། གནད་ལ་འཁེལ་ཚད་མཐོ་བ་བཅས་ཡོད་པ་རེད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཀྱིས་འདི་ཉིད“རིག་ལྡན་ཞིབ་དཔྱོད་ལས་དོན”གྱི་འདུ་འགོད་ནང་བེད་སྤྱད་པས་ཡིག་ཁུག་གི་ཡིག་སྒྱུར་གནོན་ཤུགས་ཞི་ལྷོད་དུ་གཏོང་བ་དང་། འཐབ་ས་དང་པོའི་ལས་བྱེད་ཉེན་རྟོག་པ་དང་ཁྲིམས་དོན་ལས་བྱེད་པའི་ངལ་རྩོལ་གྱི་གནོན་ཤུགས་ཡང་དུ་གཏོང་བ། ལས་ཆོད་གོང་མཐོར་གཏོང་བ་བཅས་ཀྱི་ཐད་ནས་ཕན་འབྲས་མངོན་གསལ་ཐོན་ཡོད་པ་རེད།  
          ཡོངས་བསྒྲགས་ཚོགས་འདུའི་ཐོག ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་བསྟན་དོན། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱིས་སྔར་བས་སྟབས་བདེ་བའི་སྤེལ་རེས་བྱེད་སྟངས་སྤྱད་དེ་ཕྱི་ཕྱོགས་དང་བར་ཐག་མེད་པར་འབྲེལ་འདྲིས་བྱེད་པ་དང་འཕྲལ་མ་ཉིད་དུ་སྤེལ་རེས། གེགས་མེད་མཉམ་སྤྱོད་བཅས་ཡོང་བའི་རེ་བ་ཆེན་པོ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་དང་སྤྱི་པའི་ཞབས་ཞུའི་ནུས་པ་དང་ལས་ཆོད་སྔར་བས་ཆེ་རུ་བཏང་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྟོབས་ཤུགས་གོང་བུར་བསྒྲིལ་ཏེ་དུས་ཐོག་ཏུ་མཉམ་དུ་འབྱོར་འབྲིང་མངོན་འགྱུར་ཡོང་རེ་གནང་གི་ཡོད། དེར་བརྟེན། མི་རིགས་སྐད་ཡིག་ཡིག་སྒྱུར་ལས་དོན་གྱིས་དུས་རབས་གསར་པ་དང་བླང་བྱ་གསར་པ་ཁོང་དུ་ཆུད་པ་བྱས་ནས་རྒྱལ་ཁབ་ཀྱི་དགོས་མཁོ་དང་མི་དམངས་ཀྱི་རེ་འདུན་དང་ལེན་བྱས་ཏེ། དུས་ཚོད་ཀྱིས་མི་སྒུག་པའི་སྙིང་སྟོབས་བཅངས་ནས་མི་རིགས་སྐད་ཡིག་ཡིག་སྒྱུར་ཆ་འཕྲིན་ཅན་དུ་འགྱུར་བའི་ལས་དོན་ལེགས་པར་སྒྲུབ་པ་སྟེ། རིན་མེད་མཉམ་སྤྱོད་བྱས་པ་བརྒྱུད་རྒྱ་ཆེའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་བེད་སྤྱོད་ཐུབ་པ་དང་བེད་གང་ལེགས་སྤྱོད་ཐུབ་པ་བྱེད་དགོས། “ཆུས་གསུམ་དང་ཀྲོའུ་གསུམ”གྱི་དབུལ་ཤོས་ས་ཁུལ་དུ་མི་རིགས་སྐད་ཡིག་ཡིག་སྒྱུར་གྱིས་འབྲེལ་འདྲིས་སྤེལ་རེས་ཁྲོད་ཀྱི་དམིགས་བསལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རིག་ནུས་ཡིག་སྒྱུར་ལག་རྩལ་གྱིས་སློབ་གསོའི་དབུལ་སྐྱོར་དང་། རིག་གནས་དབུལ་སྐྱོར།  སྐད་ཡིག་དབུལ་སྐྱོར་བཅས་ལ་སྣེ་ཁྲིད་བྱས་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཧུར་ཐག་ཞུ་དགོས།
           ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ནི་རྒྱལ་ཁབ་རིམ་པའི་མི་རིགས་སྐད་ཡིག་ཡིག་སྒྱུར་གྱི་སྒྲིག་གཞི་ཞིག་ཡིན་པ་དང་། ལོ་མང་རིང་། མི་རིགས་སྐད་ཡིག་ཡིག་སྒྱུར་ཞིབ་འཇུག་དང་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་ལས་ལ་རྩེ་གཅིག་ཏུ་གཞོལ་ཞིང་། མིག་སྔར་སོག་པོ་དང་བོད། ཡུ་གུར། ཧ་སག ཁྲའོ་ཞན། དབྱིས་རིགས། ཀྲོང་རིགས་བཅས་མི་རིགས་སྐད་ཡིག་རིགས་བདུན་གྱི་འཕྲུལ་ཆས་ཡིག་སྒྱུར་མཉེན་ཆས་40ཙམ་སྔ་རྗེས་སུ་ཞིབ་འཇུག་གསར་སྤེལ་ལེགས་འགྲུབ་བྱུང་ནས་བེད་སྤྱོད་ཁྱབ་སྤེལ་བྱས་ཤིང་། ཐོན་ཁུངས་དང་ལག་རྩལ། གྲུབ་འབྲས་བཅས་ཚང་མ་ལས་རིགས་ཁྱབ་ཁོངས་དེའི་ཁྲོད་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།  
          ཐེངས་འདིའི་བོད་ཡིག་པར་མའི་ཡིག་སྒྱུར་གྱི་མུ་འབྲེལ་མཉེན་ཆས་ཀྱི་ཡོངས་བསྒྲགས་ཚོགས་འདུར་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་། ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་རྣམས་ཀྱིས་མཉེན་ཆས་འདི་དག་ལས་གཞི་རིམ་ལས་བྱེད་པས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་ཏང་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་སྔར་བས་ལེགས་པའི་སྒོ་ནས་བརྒྱུད་བསྒྲགས་དང་། གྲངས་ཉུང་མི་རིགས་མང་ཚོགས་ཀྱི་འཚོ་བའི་ཁྲོད་འཕྲད་པའི་སྐད་བརྡའི་གནད་དོན་སྟེ། དཔེར་ན། རིག་སློབ་དང་། སྨན་བཅོས་འཕྲོད་བསྟེན། ཞིང་ལས་ཐོན་སྐྱེད། དངུལ་རྩའི་ཡིད་རྟོན་དངུལ་བུན། བཅའ་ཁྲིམས་བློ་འདྲི། གཏུག་བཤེར། འགན་བཅོལ། རྒུད་སྐྱོབ་སོགས་ལ་དངོས་དངོས་རྗེན་རྗེན་དང་དུས་དང་རྣམ་པ་ཀུན་ཏུ་རོགས་རམ་ཐུབ་པ་ལས་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་རིག་
          རྒྱལ་ཁབ་མི་རིགས་ཨུ་ལྷན་གི་མི་དོན་སི་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ལྷོ་ནུབ་མི་རིགས་སློབ་ཆེན། སི་ཁྲོན་ཞིང་ཆེན་མི་རིགས་ཨུ་ལྷན།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སི་ཁྲོན་སློབ་ཆེན། 《སི་ཁྲོན་ཏང་འཛུགས་སྐྱོང》དུས་དེབ་ཁང་། དེ་བཞིན་སི་ཁྲོན་རྔ་པ་དང་དཀར་མཛེས། བདེ་ཆེན་ཁུལ་སོགས་འབྲེལ་ཡོད་ཚན་པའི་འགན་ཁུར་བློ་མཐུན་དང་བོད་སྐད་ཡིག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་རྣམས་གདན་ཞུས་ལྟར་ཐེངས་འདིའི་མཉེན་ཆས་ཡོངས་བསྒྲགས་ཚོགས་འདུར་ཞུགས་ཡོད་པ་རེད།
    ༄༅།།ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་
ཡོངས་བསྒྲགས་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས་པ།
    ༄༅།།ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་
ཡོངས་བསྒྲགས་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།