འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཐོ་རྒྱུགས་ལ་ཤུགས་རྒྱོབ། མ་འོངས་རེ་བས་ཁེངས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་08ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    རྒྱུགས་རའི་ནང་དུ་འཛུལ་བཞིན་པ།
    རྒྱུགས་རའི་ནང་དུ་འཛུལ་བཞིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་7ཉིན་གྱི་སྔ་དྲོར། བོད་ལྗོངས་ཀྱི་སློབ་མ་མང་པོ་མཐོ་རྒྱུགས་ཀྱི་རྒྱུགས་རར་ཞུགས་ནས་རང་ཉིད་ཀྱི་ཕུགས་བསམ་སློབ་ཆེན་ལ་དམིགས་ནས་འབད་པ་བྱེད་བཞིན་ཡོད་པ་རེད།
          ཤེས་རྟོགས་བྱས་པར་གཞིགས་ན། 2018ལོར་བོད་ལྗོངས་ཀྱིས་ལྷ་ས་དང་ཆབ་མདོ། ལྷོ་ཁ། གཞིས་ཀ་རྩེ། ནག་ཆུ། མངའ་རིས། ཉིང་ཁྲི། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གོར་མོ་དོན་བྱེད་ཁང་། བོད་ལྗོངས་མི་རིགས་སློབ་ཆེན་བཅས་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་གནས་98བཀོད་སྒྲིག་བྱས་པ་དང་། ལྗོངས་ཡོངས་སུ་ཁྱོན་བསྡོམས་རྒྱུགས་སྤྲོད་སློབ་མ30364(འབྲིང་རིམ་ལས་རིགས་སློབ་མ་སྤྱིར་བཏང་མཐོ་རྒྱུགས་ལ་རྒྱུགས་སྤྲོད་མཁན་གྱི་སློབ་མ་3871ཚུད)སྤྱིར་བཏང་མཐོ་རྒྱུགས་དང་ཁ་གཏད་མཐོ་རིམ་ཆེད་ལས་ཀྱི་སློབ་བསྡུའི་རྒྱུགས་ལེན་ནང་ཐོ་བཀོད་ཡོད་པ་རེད། དེའི་ཁྲོད་སྤྱིར་བཏང་རྒྱུགས་སྤྲོད་སློབ་མ་24258དང་། དམག་མི་དང་ཉེན་རྟོག་པར་རྒྱུགས་སྤྲོད་སློབ་མ་1014 འབྲིང་རིམ་ལས་རིགས་རྒྱུགས་སྤྲོད་སློབ་མ་5092བཅས་ཡོད།  སྤྱིར་བཏང་རྒྱུགས་སྤྲོད་སློབ་མའི་ཁྲོད་ཞིང་འབྲོག་པའི་བུ་ཕྲུག་མི་18952ཡོད་པ་དང་དེས་བསྡུར་ཚད་ཀྱི་78.1%ཟིན་གྱི་ཡོད། རིག་གནས་ལོ་རྒྱུས་རིགས་ཀྱི་རྒྱུགས་སྤྲོད་སློབ་མ་8815ཡོད་པ་དང་དེས་བསྡུར་ཚད་ཀྱི་36%ཟིན་གྱི་ཡོད། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས་ཀྱི་རྒྱུགས་སྤྲོད་སློབ་མ་15443ཡོད་པ་དང་དེས་བསྡུར་ཚད་ཀྱི་64%ཟིན་གྱི་ཡོད་པ་རེད།
    ཁྱིམ་བདག་ཚོས་ཕྲུ་གུ་སྒུག་བཞིན་པ།
    ཁྱིམ་བདག་ཚོས་ཕྲུ་གུ་སྒུག་བཞིན་པ།
    དང་བླངས་པས་གླ་མི་དགོས་པར་སྐྱེལ་བསུ་བྱས་པ།
    དང་བླངས་པས་གླ་མི་དགོས་པར་སྐྱེལ་བསུ་བྱས་པ། 
    ཡིག་རྒྱུགས་མཇུག་སྒྲིལ་ནས་ཕྱིར་ཐོན་བཞིན་པ།
    ཡིག་རྒྱུགས་མཇུག་སྒྲིལ་ནས་ཕྱིར་ཐོན་བཞིན་པ།
    རྒྱུགས་ཐེངས་རྗེས་མའི་དུས་ཚོད་ཞིབ་བསྡུར་བྱེད་བཞིན་པ།
    རྒྱུགས་ཐེངས་རྗེས་མའི་དུས་ཚོད་ཞིབ་བསྡུར་བྱེད་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།