འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་སྐྲུན་རོགས་བྱས་པའི་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་རྒྱལ་སའི་གནམ་ཐང་གི་མྱུར་
    བགྲོད་གཞུང་ལམ་གྱི་རིམ་སྤོར་རྣམ་གྲངས་ཀྱིས་དམངས་འཚོར་ཕན་འདོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་12ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོས་སྐྲུན་རོགས་བྱས་པའི་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་རྒྱལ་སའི་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་གྱི་རིམ་སྤོར་རྣམ་གྲངས་ཀྱི་དུས་མཚམས་དང་པོའི་ལས་གྲྭ་ཉེ་དུས་ལས་མཇུག་འགྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་མོར་སི་པི་གྲུ་ཁའི་ཡུལ་མི་ཚོས་དེ་བས་བདེ་འཇགས་དང་སྟབས་བདེ་བའི་འགྲིམ་འགྲུལ་ཞབས་ཞུ་ལོངས་སྤྱོད་ཐུབ་རྒྱུ་རེད།
         “པོ་ལེ་པོ་ལེ་ནཱ་མྱུར་བགྲོད་གཞུང་ལམ”ཞེས་བརྗོད་པའི་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ནི་ཀྲུང་གོ་སྲིད་གཞུང་གིས་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི་ཚོགས་འདུ་གཙོ་གཉེར་བྱེད་པར་རྒྱབ་སྐྱོར་བྱ་ཆེད་སྐྲུན་རོགས་བྱས་པ་ཞིག་ཡིན་པ་དང་། དེ་ནི་ཀྲུང་གོ་མཚོ་ཁུག་ལས་གྲྭ་ཚད་ཡོད་ཀུང་སི་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པ་ཡན་ལག་ཀུང་སིས་སྐྲུན་འགན་འཁུར་ཡོད། མྱུར་བགྲོད་གཞུང་ལམ་དེས་མོར་སི་པི་གྲུ་ཁའི་གྲོང་ཁྱེར་ལྟེ་བའི་སི་ཐན་ལི་ལམ་ཆེན་དང་ཅེ་ཁེ་ཤུན་རྒྱལ་སྤྱིའི་གནམ་ཐང་འབྲེལ་མཐུད་བྱས་པ་དང་རིང་ཚད་ཧྲིལ་པོར་སྤྱི་ལེ་8.6ཟིན་གྱི་ཡོད།
         ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཚོང་དོན་ཚན་ཙན་ལིའུ་ལིན་ལིན་གྱིས་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོར“རྣམ་གྲངས་འདི་ནི་ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་དབར་གྱི་མཛའ་མཐུན་གྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པ་དང་། ཡུལ་དེ་གའི་ལས་མི་630ཡིས་ཀྲུང་གོའི་ལས་གྲྭའི་ལག་རྩལ་མི་སྣ་དང་མཉམ་དུ་འཛུགས་སྐྲུན་བྱས་ཡོད”ཅེས་བཤད། ཁོང་གིས་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་སྲིད་གཞུང་གི་རེ་བ་ལྟར་ཀྲུང་གོ་སྲིད་གཞུང་གིས་ད་དུང་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པར་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་གཞན་ཞིག་སྟེ། “སྲིད་གཞུང་ལམ་ཆེན”སྐྲུན་རོགས་བྱེད་བཞིན་ཡོད་ཅེས་བཤད།
        མོར་སི་པི་གྲུ་ཁའི་ཧྲི་ཀྲང་པེར་ནཱ·ཅི་ཕི་ཐེས་ཤིས་ཚིག་རྗོད་སྐབས“གསར་དུ་བསྐྲུན་པའི་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་ནི་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་གཞུང་ལམ་ཡག་ཤོས་རེད། ང་ཚོས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་ཁེ་ལས་ཀྱིས་རྒྱབ་སྐྱོར་དང་རོགས་སྐྱོར་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།