འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཆུ་ཐོག་དང་སྐམ་ས་གཉིས་ཀར་འབབ་འཕུར་
    ཐུབ་པའི་གནམ་གྲུ་འཕུར་ཐེངས་ཐོག་མ་ལམ་ལྷོངས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་26ཉིན། 11:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཆུ་ཐོག་དང་སྐམ་ས་གཉིས་ཀར་འབབ་འཕུར་
ཐུབ་པའི་གནམ་གྲུ་འཕུར་ཐེངས་ཐོག་མ་ལམ་ལྷོངས་བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་39ཐོག་ཀྲུང་གོའི་མཁའ་འགྲུལ་བཟོ་ལས་ཚོགས་པ་ཀུང་སིས་རང་བརྟེན་ཞིབ་བཟོ་བྱས་པའི་རང་རྒྱལ་གྱི་ཆུ་ཐོག་དང་སྐམ་ས་གཉིས་ཀར་འབབ་འཕུར་ཐུབ་པའི་གནམ་གྲུ“ཁུན་འབྲུག”AG600མཁའ་ལ་འཕུར་བ་དང་། ཀྲུའུ་ཧའེ་གནམ་ཐང་ལྷོ་ནུབ་ཏུ་གཏན་འཁེལ་མཐོ་ཚད་སྨི་3000གི་བར་སྣང་དུ་སྐར་མ་64རིང་བརྟན་པོར་འཕུར་ནས་གནམ་གྲུའི་མ་ལག་ཁག་དང་གཞི་རྩའི་བཀོལ་སྤྱོད་ཁྱད་ཆོས་ལ་ཞིབ་བཤེར་རགས་ཙམ་དང་ལད་ཟློས་ངང་མར་འབབ་སོགས་སྔོན་གཏན་འཁེལ་བའི་ཚོད་ལྟའི་འཕུར་སྐྱོད་ཁག་ལེགས་གྲུབ་བྱུང་རྗེས་སྔ་དྲོའི་ཆུ་ཚོད་10དང་སྐར་མ་43གྱི་ཐོག་བདེ་བླག་ངང་མར་བབས་ཏེ་འཕུར་ཐེངས་ཐོག་མ་ལམ་ལྷོངས་བྱུང་བ་རེད།
         AG600ནི་ནགས་ཚལ་གྱི་མེ་གསོད་དང་ཆུ་ཐོག་རོགས་སྐྱོབ་ཀྱི་ཁ་ཚ་དགོས་གཏུགས་ཐད་ཀྱི་དགོས་མཁོ་སྐོང་ཆེད་རང་རྒྱལ་གྱིས་ཐོག་མར་ཞིབ་བཟོ་བྱས་པའི་དམིགས་བསལ་སྤྱོད་སྒོའི་དམངས་སྤྱོད་གནམ་གྲུ་ཆེ་གྲས་ཤིག་ཡིན་ལ་རྒྱལ་ཁབ་ཀྱི་འཕྲལ་སྡོམ་རོགས་སྐྱོབ་མ་ལག་འཛུགས་སྐྲུན་ཐད་མཁོ་གལ་ཆེ་བའི་མཁའ་འགྲུལ་སྒྲིག་བཀོད་ཆེན་པོ་ཞིག་ཡིན་པ་དང་། མིག་སྔར་འཛམ་གླིང་ཐོག་ཆུ་ཐོག་དང་སྐམ་ས་གཉིས་ཀར་འབབ་འཕུར་ཐུབ་པའི་གནམ་གྲུ་ཆེ་ཤོས་ཀྱང་ཡིན། འཕུར་ཐེངས་ཐོག་མ་ལམ་ལྷོངས་བྱུང་བ་ནི་རང་རྒྱལ་གྱི་མཁའ་འགྲུལ་ཐོན་ལས་དང་ཐ་ན་མཁའ་འགྲུལ་བཟོ་ལས་ཧྲིལ་པོའི་ལོ་རྒྱུས་ཀྱི་ཚད་བརྒལ་ཆེན་པོ་ཞིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།