འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།གངས་སེང་རྡོ་རྗེའི་རི་མོའི་བརྩམས་ཆོས་བདམས་བཀོད།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་26ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    གངས་སེང་རྡོ་རྗེ།
    གངས་སེང་རྡོ་རྗེ།
          གངས་སེང་རྡོ་རྗེ། 1998ལོར་མགོ་ལོག་རྨ་ཆེན་གངས་འདབས་སུ་སྐྱེས། རྨ་ཆེན་རྫོང་གངས་རི་ཞང་སློབ་ཆུང་དང་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པར་འགྲིམས། 2016ལོར་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དུ་ཞུགས་ཤིང་ད་ལྟ་སློབ་གྲྭ་དེར་སྒྱུ་རྩལ་པ་མིང་གྲགས་ཅན་ཞིག་ཏུ་གྱུར་འདུག་ཅིང་། གསར་འགོད་པ་སློབ་གྲྭ་དེར་སོང་དུས་སློབ་གྲྭའི་མགོ་ཁྲིད་པས་ཆེད་དུ་ཁོ་པ་བོས་ནས་དམིགས་བསལ་འོས་སྦྱོར་བྱས་པ་དང་། སྐྱེ་མཆེད་དྭངས་ཤིང་ལོ་ན་གཞོན་པའི་སློབ་ཕྲུག་དེས། ང་རང་ཆུང་དུས་ནས་པར་རིས་དང་རི་མོ་ལས་མཐོང་བའི་འཇིག་རྟེན་དེའི་ལྟག་རྒྱབ་ཀྱི་དགའ་སྐྱོ་ཆགས་སྡང་གིས་བསླུས་པའི་རྐྱེན་གྱིས་སྒྱུ་རྩལ་ལམ་བུ་བསྙེགས་པ་ཡིན་ལ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་འབྲོག་མིའི་འཚོ་བ་ཟིན་ཐོར་འགོད་རྒྱུ་དེ་ཕུགས་བསམ་ཡིན་ཞེས་བཤད་བྱུང་། གསར་འགོད་པ། ཧཱུྃ་ཆེན། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།གངས་སེང་རྡོ་རྗེའི་རི་མོའི་བརྩམས་ཆོས་བདམས་བཀོད།
      

    ཕྱོགས་བསྡུས་གསར་འགྱུར།