འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སྐད་ངག་སྙན་མོས་ཀུན་གྱི་ཡིད་སེམས་འགུགས་པའི་གླུ་བ་སྟོབས་ཆེན་རྒྱལ།

    འོས་སྦྱོར་མཁན། ཚེ་སྐྱོང་།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་18ཉིན། 16:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྐད་ངག་སྙན་མོས་ཀུན་གྱི་ཡིད་སེམས་འགུགས་པའི་གླུ་བ་སྟོབས་ཆེན་རྒྱལ།
          མི་དམངས་དྲ་བའི་འཕྲིན། གླུ་བ་སྟོབས་ཆེན་རྒྱལ་ནི་1980ལོའི་ཟླ་10པར་འབའ་རྫོང་དགོན་གོང་མ་ཀླུ་ལུང་སྡེ་བར་སྐྱེས་ལ། ཆུང་དུས་ནས་བོད་ཀྱི་དམངས་གླུ་ལ་དགའ་མོས་ཡོད་པ་ཞིག་ཡིན་སྟབས། 1990ལོར་ཐང་རྒན་བཅའ་སྡོད་སློབ་ཆུང་འགྲིམ་དུས། སློབ་གྲྭ་དེ་གའི་རིག་རྩལ་སྤྲོ་ཚོགས་འགའ་རེ་ཞུགས་མྱོང་བ་དང་གཟེངས་བསྟོད་ཀྱང་གང་མང་ཐོབ་མྱོང་། 1996ལོར་རྫོང་སློབ་འབྲིང་ལ་ཞུགས་ཤིང་། རིམ་བཞིན་མཐོ་འབྲིང་མཐར་ཕྱིན་རྗེས་ཕྱིར་རང་གི་ཕ་ཡུལ་ལ་ལོག་ནས་རྟ་ནོར་ལུག་གསུམ་གྱི་རྨིག་རྗེས་ལ་སྙེག་བཞིན་གླུ་སྐད་སྙན་མོས་མཐའ་ཡས་པའི་རྩྭ་ཐང་ཆེན་མོ་གཉིད་ལས་དཀྲོགས་པ་དང་། མ་ཟད་ཐང་རྒན་བཅའ་སྡོད་སློབ་ཆུང་གི་དགེ་རྒན་གྱི་འགན་ཁུར་ནས་རིམ་བཞིན་སློབ་གྲྭ་གཅིག་བསྡུས་ལས་འགན་ཁྲོད་རྫོང་མི་རིགས་སློབ་འབྲིང་གཉིས་པའི་ལས་བཟོ་བར་ལས་བགོས་བྱས་པ་རེད། དེ་ནས་རང་གི་ཆུང་དུས་མི་ཚེའི་དགའ་ཕྱོགས་དང་རྒས་དུས་སེམས་པའི་རྟེན་ཤིང་དུ་རུམ་ནས་དགའ་སྐྱིད་ཀྱི་སྟོན་མོ་ཆེ་ཆུང་སྣ་ཚོགས་དང་། ཁྱིམ་མི་མཉམ་འཛོམས་ཀྱི་ལོ་སར་གླུ་ཡིས་མཆོད་ཅིང་ངག་གིས་བཀུར་ནས་འོང་བ་སྨོས་མ་དགོས།
          ཁོང་གིས་རང་གི་མ་བཅོས་ལྷན་སྐྱེས་ཀྱི་གླུ་ངག་ལ་འཚོ་བའི་མེ་ལོང་ལྟ་བུའི་མེས་པོའི་གླུ་ཚིག་གི་རམ་བུ་སྤྲད་ནས་2015ལོར་བོད་ཀྱི་དམངས་གླུ་འགྲན་བསྡུར་ཆེན་མོ་ལ་ཞུགས་ནས་གླུ་བ་མང་པོའི་ཁྲོད་སྐད་ངག་ཁྱད་འཕགས་ཀྱི་ཉམས་འགྱུར་ལ་གཞིགས་ནས་ཨང་དང་པོ་བླངས་པར་མ་ཟད། དཔྱད་འདེམས་པ་དང་ལྟད་མོ་བ་ཡོངས་ཀྱིས་དགའ་འབོད་དང་བསྔགས་བརྗོད་ཀྱི་མེ་ཏོག་བར་མེད་དུ་གཏོར་མྱོང་བ་རེད།
    ༄༅།།སྐད་ངག་སྙན་མོས་ཀུན་གྱི་ཡིད་སེམས་འགུགས་པའི་གླུ་བ་སྟོབས་ཆེན་རྒྱལ།
    ༄༅།།སྐད་ངག་སྙན་མོས་ཀུན་གྱི་ཡིད་སེམས་འགུགས་པའི་གླུ་བ་སྟོབས་ཆེན་རྒྱལ།
      

    ཕྱོགས་བསྡུས་གསར་འགྱུར།