འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥི་ལི་ཕིན་རྒྱལ་ཁབ་ཀྱི་ཚོང་ར་ཞིག་ཏུ་མེ་སྐྱོན་བྱུང་ནས་མི་37གྲོངས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་26ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཧྥི་ལི་ཕིན་རྒྱལ་ཁབ་ཀྱི་ཚོང་ར་ཞིག་ཏུ་མེ་སྐྱོན་བྱུང་ནས་མི་37གྲོངས་ཡོད་པ།
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་25ཉིན། ཧྥི་ལི་ཕིན་རྒྱལ་ཁབ་ཀྱི་ལྷོ་རྒྱུད་ཏ་ཨོ་གྲོང་ཁྱེར་གྱི་མེ་གསོད་མེ་འགོག་ཅུད་ཀྱིས་ཚེས་23ཉིན་གྲོང་ཁྱེར་དེ་གའི་ཚོང་ར་ཞིག་ཏུ་མེ་སྐྱོན་བྱུང་སྟེ་མི་གྲངས་37གྲོངས་འདུག་ཅེས་ཁས་ལེན་བྱས་པ་རེད།
          ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་23ཉིན་གྱི་ཆུ་ཚོད་9:30སྐབས། ཏ་ཨོ་གྲོང་ཁྱེར་གྱི་ཚོང་ར་ཞིག་གི་ཐོག་བརྩེགས་གསུམ་པའི་ཁྱིམ་ཆས་ཚོང་ཁང་ཞིག་ཏུ་མེ་སྐྱོན་བྱུང་ཞིང་། མེ་འཕྲལ་མར་ཐོག་བརྩེགས་བཞི་པར་མཆེད་དེ། དེ་གར་ཆུ་ཚོད་24རིང་ལས་ཀ་བྱེད་བཞིན་པའི"སྐད་གཏོང་ལྟེ་གནས"ཀུང་སི་ཞིག་གི་གཞུང་ལས་ཁང་གི་ལས་མི་37ཡོད་པ་ཚང་མ་གཞུང་ལས་ཁང་དུ་ལུས།
         ཡུལ་དངོས་སུ་མེ་ཤུགས་ཆེ་བ་དང་དུ་བ་མང་རྐྱེན། ས་གནས་དེ་གའི་མྱུར་སྐྱོབ་མི་སྣ་ཐོག་བརྩེགས་བཞི་པར་བསྐྱོད་མ་ཐུབ་པར། ཚེས་24ཉིན་གྱི་སྔ་དྲོ་གཞི་ནས་མེ་ཆ་ཚང་གསོད་ཐུབ་ཙམ་བྱུང་།
         ཚེས་25ཉིན་གྱི་ཕྱི་དྲོར། ས་གནས་དེ་གའི་མེ་གསོད་མེ་འགོག་ཅུད་ཀྱིས་མེ་སྐྱོན་བྱུང་ཡུལ་ཚོང་རའི་ཐོག་བརྩེགས་བཞི་པར་མི་རོ་36རྙེད་པ་དང་། དེ་དག་ཕལ་ཆེ་བ་ནི་ཐོག་བརྩེགས་བཞི་པའི་གློག་སྐས་ནང་ཡོད་པ་དང་། ཚེས་24ཉིན་གྱི་ཕྱི་དྲོར། ཐོག་བརྩེགས་བཞི་པའི་གསང་སྤྱོད་ནང་དུ་མི་རོ་ཞིག་རྙེད་ཡོད་པ་རེད། མེ་གསོད་མེ་འགོག་ཅུད་ཀྱིས་དེ་གར་ལུས་པའི་ལས་མི་37ཚང་མ་ཤི་བའི་ངོས་འཛིན་བྱས་པ་རེད།
          ད་ལྟ། ཧྥི་ལི་ཕིན་ཁྲིམས་འཛིན་པུའུ་དང་ངལ་རྩོལ་པུའུ། ཉེན་རྟོག་ཕྱོགས་ཚང་མས་དོན་རྐྱེན་གྱི་འབྱུང་རྩར་རྟོག་ཞིབ་བྱེད་བཞིན་ཡོད་པ་རེད།
    ༄༅།།ཧྥི་ལི་ཕིན་རྒྱལ་ཁབ་ཀྱི་ཚོང་ར་ཞིག་ཏུ་མེ་སྐྱོན་བྱུང་ནས་མི་37གྲོངས་ཡོད་པ།
    ༄༅།།ཧྥི་ལི་ཕིན་རྒྱལ་ཁབ་ཀྱི་ཚོང་ར་ཞིག་ཏུ་མེ་སྐྱོན་བྱུང་ནས་མི་37གྲོངས་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།