འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་མཆིན་ནད་ཀ་པའི་རིམས་འགོག་སྨན་ཁབ་དང་པོར་འཛམ་གླིང་འཕྲོད་བསྟེན་རྩ་
    འཛུགས་ཀྱི་སྟ་གོན་བདེན་དཔང་ར་སྤྲོད་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་26ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་24ཉིན་གསར་འགོད་པས་པེ་ཅིང་ཁོའོ་ཤིང་སྐྱེ་དངོས་བཟོས་རྫས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། རང་རྒྱལ་གྱི་མཆིན་ནད་ཀ་པའི་རིམས་འགོག་སྨན་ཁབ་དང་པོ་ཧེར་ལའེ་ཧྥུའུ་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས(WHO)ཀྱི་སྟ་གོན་བདེན་དཔང་ར་སྤྲོད་ཐོབ་པ་རེད། བདེན་དཔང་ར་སྤྲོད་ཐོབ་རྗེས་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ཉོ་སྒྲུབ་བྱེད་པར་བརྟེན་ནས་རྒྱལ་ཁབ་དེ་བས་མང་བའི་མཆིན་ནད་ཀ་པའི་རིམས་ནད་གནས་ཚུལ་གྱི་སྔོན་འགོག་དང་ཚོད་འཛིན་གྱི་དགོས་མཁོ་བསྐོང་རྒྱུ་དང་རིམས་འགོག་སྨན་ཁབ་དེ་ཀྲུང་གོ་ཕུད་པའི་རྒྱལ་ཁབ་དང་ས་ཁུལ་གཞན་དུ་ཡང་མགྱོགས་མྱུར་སྤྱོད་ཐུབ།
         2011ལོར་ཀྲུང་གོའི་རིམས་འགོག་སྨན་ཁབ་ལྟ་སྐུལ་དོ་དམ་མ་ལག་ལ་WHOཡིས་ཚོད་སྐོར་བྱས་པ་དང་2014ལོར་WHOཡིས་བསྐྱར་དུ་ཚོད་སྐོར་བྱས་པ་རེད། WHOཡིས་ཚོད་སྐོར་བྱས་པ་བརྒྱུད། ཀྲུང་གོའི་རིམས་འགོག་སྨན་ཁབ་ཐོན་སྐྱེད་ཁེ་ལས་ལ་WHOཡིས་རིམས་འགོག་སྨན་ཁབ་ལ་སྟ་གོན་བདེན་དཔང་ར་སྤྲོད་བྱེད་པའི་ཐོབ་ཐང་བྱུང་ནས་ཀྲུང་གོའི་རིམས་འགོག་སྨན་ཁབ་ཐོན་རྫས་རྒྱལ་སྤྱིའི་ཁྲོམ་རར་བཏོན་ཏེ་རང་རྒྱལ་གྱི་རིམས་འགོག་སྨན་ཁབ་ཀྱི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། ཐོན་ལས་ཀྱི་འགྲན་ནུས་ཆེ་རུ་གཏོང་བ། “ཕྱིར་སྐྱོད་པའི”འཐབ་ཇུས་ལག་བསྟར་བཅས་བྱ་ཆེད། གལ་འགངས་ཆེ་བའི་གོམ་པ་ཞིག་སྤོས་པ་རེད།
        མིག་སྔར་ཧེར་ལའེ་ཧྥུའུ་མཆིན་ནད་ཀ་པའི་རིམས་འགོག་སྨན་ཁབ་ནི་གོ་ལ་ཧྲིལ་པོར་WHOཡིས་སྟ་གོན་བདེན་དཔང་ར་སྤྲོད་བྱས་པའི་ཐོན་རྫས་ཨང་གཉིས་པ་དེ་ཡིན་པས་རྒྱལ་སྤྱིའི་ཁྲོམ་རའི་དགོས་མཁོ་ཤིན་ཏུ་ཆེན་པོ་ཡོད། པེ་ཅིང་ཁོའོ་ཤིང་རྒྱལ་སྤྱིའི་ཐོ་འགོད་སྤྱི་ཁྱབ་ལྟ་ཞིབ་པ་མོང་ཝུའེ་ཉིང་གིས་ཧེར་ལའེ་ཧྥུའུ་ནི་WHOཡིས་སྟ་གོན་བདེན་དཔང་ར་སྤྲོད་བྱས་པའི་པེ་ཅིང་ཁོའོ་ཤིང་གི་ཐོན་རྫས་དང་པོ་དེ་ཡིན། སླད་ཕྱིན་ཀུང་སིས་རིམས་འགོག་སྨན་ཁབ་ཀྱི་ཐོན་རྫས་དེ་བས་མང་བ་WHOལ་སྟ་གོན་བདེན་དཔང་ར་སྤྲོད་བྱ་རྒྱུར་རེ་ཞུ་བྱ་རྒྱུ་ཡིན། WHOཡིས་ཧེར་ལའེ་ཧྥུའུ་ལ་སྟ་གོན་བདེན་དཔང་ར་སྤྲོད་བྱས་པར་གལ་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད། རིམས་འགོག་སྨན་ཁབ་ཀྱི་ཐོན་རྫས་གོ་སྐབས་དེར་བརྟེན་ནས་རྒྱལ་སྤྱིའི་རྩ་འཛུགས་དཔེར་ན་བུད་མེད་དང་བྱིས་པའི་ཐེབས་རྩ་ལྷན་ཚོགས་དང་མེ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉོ་སྒྲུབ་ལས་སྟེགས་ནང་འཛུལ་ཆོག ཧེར་ལའེ་ཧྥུའུ་དེ་ཨེ་ཤེ་ཡ་དང་མེ་གླིང་ལྷོ་མའི་རྒྱལ་ཁབ་བཅུ་གྲངས་ཁ་ཤས་སུ་ཐོ་འགོད་བྱས་ཟིན་པ་དང་སླད་ཕྱིན་རང་རྒྱལ་གྱི་རྒྱུད་གཅིག་ལམ་གཅིག་གི་འཕེལ་རྒྱས་འཐབ་ཇུས་ཀྱི་ཁྲིད་སྟོན་འོག་འཛམ་གླིང་ཐོག་གི་རྒྱལ་ཁབ་དེ་བས་མང་བར་རིམས་འགོག་སྨན་ཁབ་ཀྱི་ཐོན་རྫས་མཁོ་འདོན་བྱ་རྒྱུ་རེད་ཅེས་བཤད།
         མཆིན་ནད་ཀ་པའི་རིམས་འགོག་སྨན་ཁབ་ནི་མཆིན་ནད་ཀ་པ་སྔོན་འགོག་བྱེད་པའི་ཕན་ནུས་ལྡན་ཤོས་ཀྱི་བྱེད་ཐབས་ཤིག་ཡིན་པས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད། ཧེར་ལའེ་ཧྥུའུ་ནི་པེ་ཅིང་ཁོའོ་ཤིང་གིས་རང་བརྟེན་གསར་སྤེལ་བྱས་པའི་རང་རྒྱལ་གྱི་མཆིན་ནད་ཀ་པའི་རིམས་འགོག་སྨན་ཁབ་དང་པོ་དེ་ཡིན་ལ་རྒྱལ་ནང་དུ་སྤྱོད་མང་ཤོས་དང་ནད་ཐོག་སྨན་བཅོས་ཐོག་ཞིབ་འཇུག་མང་ཤོས་བྱས་པའི་མཆིན་ནད་ཀ་པའི་རིམས་འགོག་སྨན་ཁབ་ཅིག་ཀྱང་ཡིན་པས་ཀྲུང་གོའི་སྐམ་ས་ཆེ་མོའི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་31ཏུ་སྤྱོད་ཀྱི་ཡོད་པ་རེད། 2002ལོར་ཁྲོམ་རར་བཏོན་རྗེས་ཀྲུང་གོ་དང་། མོང་གོལ། ནེ་པ་ལ། ཆི་ལི། ཨུ་ཟ་བྷེ་ཁི་སི་ཐན། བྷང་ག་ལ་སོགས་རྒྱལ་ཁབ་ཀྱིས་རིམ་རྩིས་བྱས་ན་སྨན་ཁབ་ཁྲི་5000ལྷག་ཙམ་སྤྱད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།