འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྱད་ལྡན་འདེབས་འཛུགས་ལས་ཞིང་པར་འབབ་འཕར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་26ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་། ཧོ་པེ་ཞིང་ཆེན་ལོན་རྫོང་གིས་རང་ངོས་ཀྱི་ལེགས་ཆར་བརྟེན་ནས་ཞིང་པར་སྤྲོ་གསེང་དང་ཚན་རིག་ཁྱབ་གདལ་སོགས་གཞི་གཅིག་ཏུ་འདུས་པའི་གཞི་ཁྱོན་ཅན་དང་དེང་རབས་ཅན་གྱི་ལྗང་མདོག་ཞིང་ལས་རྟེན་གཞི་འཛུགས་རྒྱུར་ཁྲིད་སྟོན་བྱས་པ་དང་འབྲེལ། ཞིང་དུད་དང་སྒོ་རྩིས་ཚོང་ཁང་དབར་འབྲེལ་མཐུད་བྱས་ཏེ་དགུན་དུས་ཀྱི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱས་པ་མ་ཟད། ས་གནས་དེ་གའི་ཞིང་པར་ཡོང་འབབ་ཀྱང་བྱུང་ཞིང་། འདི་ནི་ཟླ་12ཚེས་24ཉིན། ཧོ་པེ་ཞིང་ཆེན་ལོན་རྫོང་ཅི་ཤུས་ཞིང་འབྲོག་ཆེད་ལས་མཉམ་ལས་ཁང་གི་དྲོད་ཁང་ནང་ཞིང་པས་འབྲི་ཏ་ས་འཛིན་འཐུ་བཞིན་པ།
         ཉེ་བའི་ལོ་ཤས་རིང་། ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ཧྥེང་རུའེ་ཆུས་ཀྱིས་ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཞིང་པས་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་འབྲི་ཏ་ས་འཛིན་དང་། བཟའ་བཅའི་ཤ་མོ། སྔོ་ཚལ་སོགས་ཁྱད་ལྡན་གྱི་དུས་ཚིགས་ལྡོག་པའི་སྒྲིག་བཀོད་ཞིབ་ལས་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་བྱས་ནས་ཞིང་པའི་དགུན་དལ་དུས་ཚོད་དེ་དགུན་བྲེལ་དུ་འགྱུར་བ་བྱས་པས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཆུས་དེའི་དུས་ཚིགས་ལྡོག་པའི་སྒྲིག་བཀོད་ཤིང་འབྲས་དང་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་2ལྷག་ཙམ་ཟིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།