འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཚོང་རྟགས་སྤུས་རྟགས་རྒྱལ་སྤྱི་ཅན་དུ་འགྱུར་བའི་གོམ་སྟབས་མགྱོགས་སུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་26ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱི་དཔལ་འབྱོར་དེ་འཕར་ཚད་མྱུར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་པ་དང་སྦྲགས་རང་རྒྱལ་གྱི་ཚོང་རྟགས་སྤུས་རྟགས་རྒྱལ་སྤྱི་ཅན་དུ་འགྱུར་བའི་གོམ་སྟབས་རྒྱུན་མི་ཆད་པར་མགྱོགས་སུ་ཕྱིན་པ་དང་དེ་བཞིན་རྒྱལ་སྤྱིའི་ཁྲོམ་རའི་ཐོག་ཀྲུང་གོའི་སྤུས་རྟགས་ཤེས་ཚད་མཐོ་རུ་དང་འགྲན་རྩོད་ནུས་པ་ཆེ་རུ་ཟམ་མི་ཆད་པར་ཕྱིན་ཡོད་པ་རེད།
         དེ་ནི་ཉེ་ཆར་མི་དམངས་ཉིན་རེའི་ཚགས་པར་ཁང་གིས་གཉེར་བའི2017ལོའི་ཀྲུང་གོའི་སྤུས་རྟགས་གླེང་སྟེགས་ནས་གསར་འགོད་པར་ཤེས་རྟོགས་བྱུང་བ་ཞིག་རེད།
         རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཅུན་ཁྲེང་གིས་གླེང་སྟེགས་ཐོག་2017ལོ་ཚུན་དུ་རང་རྒྱལ་གྱི་ཚོང་རྟགས་ཐོ་འགོད་བྱེད་འབོར་ཁྲི་1700ཟིན་པ་དེས་གོ་ལ་ཧྲིལ་པོའི་བསྡོམས་འབོར་གྱི་40%བཟུང་བ་དང་། 2017ལོར་རང་རྒྱལ་གྱིས་ཚོང་རྟགས་འདུན་ཞུ་བྱེད་འབོར་གྱི་འཕར་ཚད་དེ་གོ་ལ་ཧྲིལ་པོའི་འཕར་ཚད་ཀྱི་80%ཡན་བཟུང་བ། 2017ལོར་གོ་ལ་ཧྲིལ་པོར་རིན་ཐང་ཆེ་ཤོས་ཀྱི་སྤུས་རྟགས་མིང་གྲལ་རྩེ་གྲ་100ཡི་ནང་ཀྲུང་གོའི་སྐམ་སའི་མིང་གྲལ་སྤུས་རྟགས་དེ་2012ལོར་གཅིག་ལས་མེད་པ་ལས་2017ལོའི་བཅུ་གསུམ་བར་འཕར་ཡོད་ཅེས་ངོ་སྤྲོད་བྱས།
         རང་རྒྱལ་གྱི་དཔལ་འབྱོར་དེ་འཕར་ཚད་མྱུར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ཏེ་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སུ་གཏོང་བ། འཕར་ཚད་ཀྱི་སྒུལ་ཤུགས་བརྗེ་སྒྱུར་བྱེད་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། རིགས་གཅིག་མཁས་ཅན་གྱིས་མཁོ་སྤྲོད་མ་ལག་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་གཙོ་རྒོལ་ཁ་ཕྱོགས་ལ་བརྩིས་ནས་རང་རྒྱལ་གྱི་དཔལ་འབྱོར་གྱི་སྤུས་ཚད་ཀྱི་ལེགས་ཆ་མངོན་གསལ་དོད་པོས་ཆེ་རུ་བཏང་སྟེ་ཀྲུང་གོའི་ལན་པར་དེ་ཀྲུང་གོས་གསར་གཏོད་དང་། ཀྲུང་གོའི་མྱུར་ཚད་ནས་ཀྲུང་གོའི་སྤུས་ཚད་བར། ཀྲུང་གོའི་ཐོན་ཟོག་ནས་ཀྲུང་གོའི་སྤུས་རྟགས་བར་འགྱུར་རྒྱུར་སྐུལ་མ་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།