འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་འབར་མའི་ནང་བསྟན་ལས་རིགས་དང་སྤེལ་
    རེས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་19ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་འབར་མའི་ནང་བསྟན་ལས་རིགས་དང་སྤེལ་
རེས་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་18ཉིན་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་འབར་མའི་བླ་མ་སྐྱེས་ཆེན་ཨུ་ཡོན་ལྷན་ཚོགས་དང་འབར་མ་ལྷོ་བརྒྱུད་ནང་བསྟན་རྒྱལ་སྤྱིའི་སློབ་ཆེན་དུ་འཚམས་འདྲིར་བསྐྱོད་ཅིང་། ཕྱོགས་གཉིས་ཀྱིས་ཆོས་ལུགས་རིག་གནས་གོམས་སྲོལ་སྐོར་དང་དེ་བཞིན་ཕྱོགས་གཉིས་བར་མཉམ་ལས་ལས་དོན་སྐོར་སྤེལ་རེས་བྱས་པ་རེད།
         ཉིན་དེའི་ཕྱི་དྲོར། ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་འབར་མའི་རྒྱལ་ས་རང་ཀོང་དུ་འབར་མའི་བླ་མ་སྐྱེས་ཆེན་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་མི་དང་ཐུག་འཕྲད་བྱས་པ་མ་ཟད། ཕྱོགས་གཉིས་ཀས་ཀྲུང་གོ་དང་འབར་མའི་ནང་བསྟན་གྱི་དགོན་པ་དང་། དད་ལྡན་མང་ཚོགས་ཀྱི་གནས་ཚུལ། ཆོས་ལུགས་རྣམ་དག  རྒྱུན་མཐུད་ངང་འཕེལ་རྒྱས་སོགས་ཀྱི་ཐད་ལ་སྤེལ་རེས་བྱས་པ་རེད།
         ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་འགོ་འཛིན་ཀྲང་ཡུན་གྱིས། ཀྲུང་གོ་དང་འབར་མའི་བར་གྱི་འབྲེལ་བ་དུས་ཡུན་རིང་པོར་མཛའ་ཞིང་མཐུན་པ་དང་། ཕྱོགས་གཉིས་བར་རིག་གནས་སྤེལ་རེས་གང་ལེགས་བྱེད་བཞིན་ཡོད་ཅིང་། ཐེངས་འདིར་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་འབར་མར་འཚམས་འདྲི་བྱས་པ་འདིས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འཕེལ་རྒྱས་འགྲོ་བར་ཕན་ནུས་ཆེན་པོ་ཐོན་ངེས་རེད་ཅེས་བཤད་པ་རེད།
         འབར་མའི་བླ་མ་སྐྱེས་ཆེན་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་མི་ཝུའུ་སང་ཏི་མཱ་པི་ཝུན་ས་ཡིས་འབར་མ་དང་ཀྲུང་གོའི་བར་ནང་བསྟན་ཆོས་ལུགས་སྤེལ་རེས་དང་། འབར་མའི་ནང་བསྟན་དད་ལྡན་མང་ཚོགས། བླ་མ་སྐྱེས་ཆེན་ཨུ་ཡོན་ལྷན་ཚོགས་ཀྱི་ལས་དོན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
         ཉིན་དེའི་སྔ་དྲོར། ཀྲུང་གོ་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་འབར་མའི་ལྷོ་བརྒྱུད་ནང་བསྟན་རྒྱལ་སྤྱིའི་སློབ་ཆེན་ལ་འཚམས་འདྲི་བྱེད་པར་ཕྱིན་ཞིང་། སློབ་ཆེན་དེའི་སློབ་ཚན་ཁག་གི་ཁྱད་ཆོས་ཆེ་ཤོས་ནི་པྲ་ཀྲི་ཏི(pàli-bhàsà)དང་ལེགས་སྦྱར་(Sam!skr!ta)སོགས་ནང་བསྟན་གྱི་སྐད་བརྡ་སློབ་ཁྲིད་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་རྒྱ་ཡིག་དང་ཉི་ཧོང་ཡི་གེ ཧྥ་རན་སེ་ཡི་གེ་སོགས་ཕྱི་རྒྱལ་གྱི་སྐད་ཡིག་ཀྱང་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད།
    【1】  【2】  【3】
    ༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་འབར་མའི་ནང་བསྟན་ལས་རིགས་དང་སྤེལ་
རེས་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།