འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བལ་ཡུལ་གྱི་ཁ་གདན་ལྷ་སའི་ཁྲོམ་རར་བྲིན་ཁ་རྒྱུག་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་25ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བལ་ཡུལ་གྱི་ཁ་གདན་ལྷ་སའི་ཁྲོམ་རར་བྲིན་ཁ་རྒྱུག་པ། 
         མི་དམངས་དྲ་བའི་འཕྲིན། ཁ་གདན་ནི་བོད་རིགས་ཀྱི་ཁྱིམ་དུ་མེད་དུ་མི་རུང་བའི་འཚོ་བའི་སྤྱོད་ཆས་ཤིག་ཡིན། ལྷ་སའི་གྲོང་ཁྱེར་གྱི་ཁྲོམ་རའི་དགོས་མཁོར་སྐོང་ཆེད་གོང་དཀར་རྫོང་གི་པ་སངས་དང་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཀྱི་བསོད་ནམས་གཉིས་ཀྱིས་ལྷ་ས་གྲོང་ཁྱེར་པེ་ཅིང་ལམ་དུ་བལ་ཡུལ་གྱི་ཁ་གདན་ཆེད་འཚོང་ཁང་ཞིག་གཉེར་ནས། བལ་ཡུལ་ནས་ལུག་བལ་གྱི་འཐག་པའི་ཁ་གདན་དང་ས་གདན། འགེལ་རུམ་སོགས་ནང་འདྲེན་བྱས་ཡོད་ལ། ད་དུང་ལྷོ་ཁ་དང་གཞིས་ཀ་རྩེ་སོགས་ཀྱི་ཞིང་འབྲོག་ཁུལ་ནས་འཚེམ་བཟོ་60བསྡུས་ནས་རྒྱབ་སྔས་ཀྱི་ཤུབས་དང་། རྩྭ་འབོལ་གྱི་ཤུབས་སོགས་ལས་སྣོན་བྱེད་ཀྱི་ཡོད་ཅིང་། དེས་ཞིང་འབྲོག་མི་དམངས་ཚོའི་ཁྱིམ་ཚང་གི་ཡོང་འབབ་ཇེ་མཐོར་གཏོང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།