འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཤར་རྒྱུད་ཀྱི་གསའ་མ་བུ་གཉིས་ལྟ་ཞིབ་ཚད་ལེན་ཆས་ཀྱིས་པར་བླངས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་19ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ཤར་རྒྱུད་ཀྱི་གསའ་མ་བུ་གཉིས་ལྟ་ཞིབ་ཚད་ལེན་ཆས་ཀྱིས་པར་བླངས་ཡོད་པ།
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་18ཉིན། གསར་འགོད་པས་བོད་ལྗོངས་སྟེང་ཆེན་རྫོང་སྲིད་གཞུང་ནས་ཤེས་རྟོགས་བྱུང་གསལ་དུ། རྫོང་འདིས་ད་ལོར་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་དང་མཉམ་ལས་བྱས་ནས་གསའ་གཙོ་བོ་བྱེད་པའི་སྲོག་ཆགས་ཀྱི་སྐྱེ་ཁམས་མ་ལག་ཞིབ་འཇུག་དང་སྲུང་སྐྱོང་ལས་དོན་སྤེལ་བ་རེད། རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་ལས་གཞི་པུའུ་ཡི་ཀྲུའུ་རེན་ཀྲའོ་ཞང་གིས་དེ་སྔོན་བོད་ལྗོངས་ཀྱིས་གསའ་ལྟ་ཞིབ་ཞིབ་འཇུག་ནི་གཙོ་བོ་ནུབ་རྒྱུད་ཀྱི་ནག་ཆུའི་བྱང་ཐང་དང་གཞིས་ཀ་རྩེའི་ཇོ་མོ་གླང་མའི་ས་ཁུལ་གཉིས་སུ་བྱས་པ་ལས། ཤར་རྒྱུད་དུ་ཞིབ་འཇུག་བྱས་མྱོང་མེད་པ་རེད། ད་ལོའི་ཟླ་11ཚེས་1ཉིན་ནས་བཟུང་ས་གནས་འདི་གའི་ཞིང་འབྲོག་མི་དམངས་ལྟ་ཞིབ་མི་སྣ་16གིས་སྤྱི་ལེ་གྲུ་བཞི་མ་100ལྷག་གི་ཁྱབ་ཁོངས་སུ་དམར་ཕྱིའི་པར་ཆས་20སྒྲིག་བཀོད་བྱས་པ་ལས་ཁྱོན་བསྡོམས་གསའ་འགུལ་སྐྱོད་ཐེངས་26བྱས་པའི་སྣང་བརྙན་བླངས་ཡོད་པ་བསྟན།
    ༄༅།།བོད་ལྗོངས་ཤར་རྒྱུད་ཀྱི་གསའ་མ་བུ་གཉིས་ལྟ་ཞིབ་ཚད་ལེན་ཆས་ཀྱིས་པར་བླངས་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།