འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།"གློག་ཤུགས་མཁའ་ལམ"བརྒྱུད་བོད་ལ་རིམ་རྩིས་བརྒྱབ་ན་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་
    44ལྷག་ཙམ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་26ཉིན། 11:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་གསར་འགོད་པར་ཤེས་རྟོགས་བྱུང་གསལ། ཟླ་12ཚེས་20ཉིན་བར་དུ། མཚོ་བོད་དྲ་སྦྲེལ་ལས་གྲྭས་རིམ་རྩིས་བརྒྱབ་ན་བོད་ལ་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་44.45བཏང་བ་དང་། མཚོ་སྔོན་གློག་དྲས་རིམ་རྩིས་བརྒྱབ་ན་བོད་དབུས་གློག་དྲའི་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་17.37ནང་འདྲེན་བྱས་ཡོད་པ་རེད།
         “གློག་ཤུགས་མཁའ་ལམ”ཞེས་བཏགས་པའི་མཚོ་བོད་ཐད་རྒྱུག་སྤེལ་རྒྱུག་གློག་ཤུགས་དྲ་སྤྲེལ་ལས་གྲྭའི་ཤར་ཟི་ལིང་ནས་ནུབ་བོད་ལྗོངས་ལྷ་སའི་བར་གྱི་སྤྱིའི་རིང་ཚད་ལ་སྟོང་སྨི་2530ཡོད་ལ། ལས་གྲྭ་དེའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཟིན་པས་དེ་ནི་མིག་སྔའི་ས་བབ་མཐོ་ཤོས་ཀྱི་ཐད་རྒྱུག་གློག་གཏོང་ལས་གྲྭ་དེ་ཡིན་པ་དང་། ལས་གྲྭ་དེ་2011ལོའི་ཟླ་བཅུ་གཅིག་པར་བེད་སྤྱོད་གཏོང་འགོ་ཚུགས་རྗེས་བོད་ལྗོངས་གློག་དྲ་དང་ནུབ་བྱང(མཚོ་སྔོན)གློག་དྲ་གཉིས་དྲ་སྦྲེལ་ཐུབ་ནས་བོད་ལྗོངས་གློག་དྲ་རྐྱང་སྤྱོད་བྱས་པའི་ལོ་རྒྱུས་ཀྱི་མཇུག་བསྒྲིལ་བ་རེད།
         རྒྱལ་ཁབ་གློག་དྲ་མཚོ་སྔོན་བཤེར་གསོ་ཀུང་སི་ཚྭ་འདམ་སྒྱུར་རྒྱུག་ཀྲན་གྱི་ཀྲན་ཀྲང་ལུའེ་ལེང་ཧུའེ་ཡིས། སྟོན་ཁ་ཤར་ཚུན་དུ། དུས་ཚིགས་རང་བཞིན་གྱི་ཆུ་འབོར་གྱི་ཤུགས་རྐྱེན་འོག་བོད་ལྗོངས་བོད་དབུས་ཆུ་ཤུགས་གློག་ཁང་གི་གློག་འདོན་ཚད་ཆག་ནས། མཚོ་བོད་དྲ་སྦྲེལ་ཚྭ་ལྷ་ཐད་རྒྱུག་མ་ལག་གི་ཕྱིར་གཏོང་གློག་ཚད་དེ་སྔའི་ཀྲའོ་ཝ་410ནས་300བར་ཆག་པ་དང་། དྲོད་ཚད་ཆག་ནས་གློག་སྤྱོད་ཚད་མང་དུ་ཕྱིན་པ་དང་བསྟུན་ནས། བོད་དབུས་ས་ཁུལ་གྱི་ཆུ་ཤུགས་གློག་ཁང་གིས་ས་ཁུལ་དེ་གའི་གློག་སྤྱོད་དགོས་མཁོ་སྐོང་མི་ཐུབ་པས། བོད་དབུས་གློག་དྲས་གློག་ཕྱིར་གཏོང་བྱེད་པ་ནས་ནང་འདྲེན་བྱ་རྒྱུར་བསྒྱུར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         ཟླ་11ཚེས་4ཉིན་ནས་བཟུང་། མཚོ་བོད་དྲ་སྦྲེལ་ལས་གྲྭའི་ཚྭ་ལྷ་ཐད་རྒྱུག་མ་ལག་གིས་ཕྱིར་གཏོང་བྱེད་ཕྱོགས་ལེགས་སྒྲིག་བྱས་པ་སྟེ། དེ་སྔའི་ཆུ་གློག་ཕྱིར་གཏོང་ནས་བོད་ལྗོངས་ལ་མཁོ་འདོན་བྱ་རྒྱུར་བསྒྱུར་ཞིང་། དུས་དེ་ནས་ལོ་རྗེས་མའི་ཆུ་རྒྱས་པའི་བར་དུ། མཚོ་བོད་དྲ་སྦྲེལ་ཚྭ་ལྷ་ཐད་རྒྱུག་མ་ལག་གིས་བོད་དབུས་ས་ཁུལ་གྱི་གློག་འདོན་ལས་འགན་གཙོ་བོ་འཁུར་རྒྱུ་དང་། སྔོན་དཔག་བྱས་ན་ཕྱིར་གཏོང་གློག་འབོར་གྱིས་ས་གནས་དེ་གའི་གློག་སྤྱོད་བསྡོམས་འབོར་གྱི་35%ཟིན་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།