འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་སྲིད་འཛིན་གྲོང་ཚོ་1000འདེམས་སྒྲུག་བྱས་ནས་སོས་དལ་ཞིང་ལས་དང་
    ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་26ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུར་སྐུལ་འདེད་དང་། ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཉེ་ཆར་ཀན་སུའུ་ཞིང་ཆེན་གྱིས་ཞིང་ཆེན་དེ་ཡོངས་ཀྱི་ཁྱབ་ཁོངས་ནང་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་སམ་ཡང་ན་ལེགས་ལྡན་ཞིང་ལས་ཐོན་ལས་ཀྱི་སྲིད་འཛིན་གྲོང་ཚོ་1000འདེམས་སྒྲུག་བྱས་ནས“སྲིད་འཛིན་གྲོང་ཚོ་ཆིག་སྟོང་གི་མཉམ་ལས་ཞིང་རའི་འཆར་འགོད”ཀྱི་རྣམ་གྲངས་ནང་ཞུགས་ཏེ“ཀུང་སི་དང་། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་འབྲེལ་གྱི་གཉེར་སྐྱོང་བྱེད་སྟངས་བརྒྱུད“ཞིང་ལས་དང་། འགྲུལ་ཁང་། ལྡུམ་རའི་སྒྱུ་རྩལ། ཡུལ་སྐོར། དྲ་ཐོག་ཚོང་དོན”བཅས་ཟུང་འབྲེལ་གྱི་ལེགས་བསྡུས་ཞིབ་གཉེར་ཅན་གྱི་འཕེལ་རྒྱས་ཡོང་བ་བྱས་པ་རེད།
          ཀན་སུའུ་ཞིང་ཆེན་ཞིང་འབྲོག་ཐིང་གི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན“སྲིད་འཛིན་གྲོང་ཚོ་ཆིག་སྟོང་གི་མཉམ་ལས་ཞིང་རའི་འཆར་འགོད”རྣམ་གྲངས་ཀྱི་འཆར་འགོད་ལྟར་ཀན་སུའུ་ཞིང་ཆེན་གྱིས་འདེམས་སྒྲུག་བྱས་པའི་སྲིད་འཛིན་གྲོང་ཚོ་1000ཁྲོད་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པ་དང་། ཐོན་རྫས་ཀྱི་ཁྱད་ཆོས་ལྡན་པ། ཡུལ་སྐོར་གྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་1000བསྐྲུན་པ་དང་འབྲེལ། སྣོད་བཅུད་ཡུལ་སྐོར་དང་ཁྱད་ལྡན་ཞིང་ལས་ཐོན་ལས་འཕེལ་རྒྱས་གཏོང་བའི་རྨང་གཞི་ལྡན་པའི་ཞིང་དུད་ཁྲི་1བདམས་ནས་ཞིང་དུད་ཀྱིས་ཞིང་ལས་ཀྱི་རྨོ་ཞིང་དང་ཁང་ས་མ་རྐང་ནང་འཇོག་པ་དང་དྲ་ཐོག་ཚོང་དོན་མཉམ་འབྲེལ་ལས་སྟེགས་ལ་བརྟེན་ནས་ཞིང་དུད་དང་མཉམ་ལས་ཁང་ཐུན་མོང་ཐོག་མ་རྐང་ནང་ཞུགས་པའི“སྲིད་འཛིན་གྲོང་ཚོ་ཆིག་སྟོང་གི་མཉམ་ལས་ཞིང་རའི་འཆར་འགོད”ལས་སྟེགས་བསྐྲུན་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།