འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་བཅའ་ཁྲིམས་བཟོས་ནས་རྒྱལ་ཁབ་ཀྱིས་རིན་མེད་ངང་མཁོ་འདོན་བྱེད་པའི་
    གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ཁ་གསལ་བཟོ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་26ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གཅིག་པའི་ཐོག་གྲོས་ཞིབ་བྱ་རྒྱུའི་རེ་ཞུ་ཐོག་མར་བཏོན་པའི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་སྐུལ་འདེད་བཅའ་ཁྲིམས་ཀྱི་འཆར་ཟིན་ནང་སྤྱི་དམངས་ཀྱི་སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་གི་དགོས་མཁོ་ཁག་སྲིད་གཞུང་དང་། སྤྱི་ཚོགས། མི་སྒེར་བཅས་ཀྱི་ཐབས་ལམ་བརྒྱུད་མ་དངུལ་བསྡུ་རུབ་བྱས་ནས་འགན་ལེན་བྱ་རྒྱུ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་རྒྱལ་ཁབ་ཀྱིས་རིན་མེད་ངང་སྤྱི་དམངས་ཡོངས་ལ་མཁོ་འདོན་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།
         “འཆར་ཟིན་གྱི་ལེའུ་བདུན་པའི་ནང་སྲིད་གཞུང་གིས་སྨན་བཅོས་འཕྲོད་བསྟེན་ཐད་འཁུར་བའི་ཕྱོགས་ཁག་གི་འགན་འཁྲི་ཁ་གསལ་བཏོན་ཡོད”རྒྱལ་ཡོངས་མི་དམངས་འཐུས་ཚོགས་སློབ་ཚན་རིག་འཕྲོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལིའུ་པིན་ཅེས་འཆར་ཟིན་ནང་རིམ་ཁག་སྲིད་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ནོར་སྲིད་གནས་ཚུལ། བདེ་ཐང་དམིགས་ཚད་བཅས་ཀྱི་བླང་བྱ་དང་མཐུན་པའི་སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་མ་འཇོག་ལམ་སྲོལ་འཛུགས་རྒྱུ་དང་གྲོན་དངུལ་རིམ་པ་དེའི་སྔོན་རྩིས་ནང་བཅུག་ནས་དགོས་མཁོ་བཞིན་གྲོན་དངུལ་བཀོད་སྒྲིག་བྱ་རྒྱུ་ཡིན་ལུགས་ཁ་གསལ་བཏོན་ཡོད་ཅེས་བཤད།
         འཆར་ཟིན་ནང་རྒྱལ་ཁབ་ཀྱིས་གཞི་རྩའི་སྨན་བཅོས་འགན་བཅོལ་གཙོ་བོར་བྱེད་པ་དང་ཚོང་ལས་བདེ་ཐང་འགན་བཅོལ་དང་། སྨན་བཅོས་རོགས་སྐྱོབ། ནད་ཡམས་འཕྲལ་སྡོམ་རོགས་སྐྱོབ། སྨན་བཅོས་དགེ་སྒྲུབ་སོགས་ཁ་གསབ་ཏུ་བྱེད་པའི་རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་འཛུགས་རྒྱུ་ཡིན་ལུགས་བསྟན་ཡོད།
         སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་མཉམ་འགུལ་སྒྱུར་བཅོས་ཀྱི་གལ་ཆེའི་ལྷུ་ཚིགས་ཡིན་པའི་ངོས་ནས། འཆར་ཟིན་ནང་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཚད་གཞི་དང་བྱེད་ཐབས་ཐོག་ནས་སྐུལ་ལྕག་དང་གཅུན་སྡོམ་གྱི་ནུས་པ་འདོན་སྤེལ་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་ལུགས་མཐུན་ངང་སྨན་བཅོས་ལག་བསྟར་བྱ་རྒྱུར་ཁྲིད་སྟོན་དང་ནད་པ་གོ་རིམ་ལྡན་པའི་ངང་སྐོར་སྐྱོད་ཐུབ་རྒྱུར་སྐུལ་འདེད་བཏང་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་སྤྱོད་ཚད་ཆེ་རུ་གཏོང་རྒྱུ་ཡིན་པ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།