འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཏང་ཡོན་མང་ཚོགས་སེམས་པ་གཅིག་ཏུ་སྒྲིལ། དབུལ་སྒྲོལ་གོམ་སྟབས་རིམ་པ་བཞིན་དུ་སྤོས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་26ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དགུན་ཉི་ལྡོག་པའི་དུས་སུ་སླེབས་ཏེ་གྲང་ངར་ཤིན་ཏུ་ཆེ་ནའང་། ཡུན་ནན་ཞིང་ཆེན་ཚང་ཡོན་དབའ་རིགས་རང་སྐྱོང་རྫོང་མོང་ལའེ་ཤང་པན་ལེ་གྲོང་ཚོའི་་གྲོང་མིའི་སེམས་ནང་དྲོ་སྐྱིད་ལྷག་པར་ཚོར། གང་ལགས་ཤེ་ན། ཞིང་ཆེན་ཟོག་གོང་ཅུས་ཀྱི་དབུལ་སྐྱོར་ལས་དོན་རུ་ཁག་གི་བཀའ་དྲིན་འོག་ད་ནས་བཟུང་པན་ལེ་གྲོང་ཚོའི་ལམ་ཆར་དུས་སུ་འགགས་པའི་ལོ་རྒྱུས་མཇུག་འགྲིལ་བས་ལགས། གྲོང་ཚོར་བཅའ་སྡོད་བྱེད་མཁན་ལས་དོན་རུ་ཁག་དེར་ཏང་ཡོན་6ཡོད་པ་དང་རྩ་འཛུགས་ཀྱི་འབྲེལ་བའང་གྲོང་ཚོར་བསྒྱུར་ཡོད། ད་ཆ་ཡུན་ལིང་གི་ས་གཞི་ཆེ་མོར་ལས་དོན་རུ་ཁག་དེ་འདྲ་བ་7000ལྷག་ཙམ་ཡོད་ཅིང་། གྲོང་ཚོ་དབུལ་པོར་ཆ་སྙོམས་རུ་མི་5རེ་གཞིས་ཆགས་ཏེ་དབུལ་སྐྱོར་བྱེད་རོགས་བྱེད་ཀྱི་ཡོད།
         དབུལ་སྒྲོལ་འགག་སྒྲོལ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྤྱི་ཡོངས་གཅིག་འདོམས་བྱ་ཆེད། ཡུན་ནན་ཞིང་ཆེན་གྱིས་ཏང་འཛུགས་སྐྱོང་གི་ཕན་འབྲས་དངོས་དབུལ་སྒྲོལ་ཐོག་མངོན་པར་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཡུན་ནན་དུ་མང་ཚོགས་དབུལ་པོ་ཁྲི་441དབུལ་པོའི་གནས་ལས་བསྒྲལ་མོད། འོན་ཀྱང་སྔར་བཞིན་མི་འབོར་དབུལ་པོ་ཁྲི་447དང་རྫོང་དབུལ་པོ་88ཡོད་པས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཀྱི་ཡོད། ཞིང་ཆེན་དེ་ཡོངས་སུ་མི་འབོར་ཅུང་ཉུང་བ་སོགས་ཀྱི་མི་རིགས་11ཡོད་པ་མང་ཆེ་བ་ཤིན་ཏུ་དབུལ་པོ་ཡིན་པ་རེད།
         “གཙོ་འགན་འཁུར་མཁན”ལ་དམ་འཛིན་གྱིས་གོང་ནས་འོག་བར་གྱི་རིམ་ལྔའི་ཧྲུའུ་ཅིས་དབུལ་སྒྲོལ་ལ་དམ་འཛིན་བྱས་ཤིང་། ཀྲའོ་ཐུང་གྲོང་ཁྱེར་ཀྲའོ་དབྱང་ཆུས་ནི་ཤིན་ཏུ་དབུལ་བའི་ས་ཁུལ་ཞིག་ཡིན་སྟབས། ཆུས་དེས“དམག་འཐབ་བཀོད་འདོམས་པུའུ”ལྟ་བུའི་རྣམ་པ་སྤྱད་དེ་དབུལ་སྒྲོལ་ལ་དམ་འཛིན་བྱས་པས་གྲོང་ཚོ་དབུལ་པོའི་གནས་ཚུལ་ཧ་ཅང་གསལ་པོ་ཤེས་རྟོགས་ཐུབ་ཀྱི་ཡོད། “དབུལ་ཕོངས་མ་སེལ་ཚེ་ཉལ་བའི་གཉིད་དང་བཟས་པའི་བཅུད་མི་འདུག་ལ་གནོན་ཤུགས་ཀྱང་ཧ་ཅང་ཆེ”ཞེས་ཆུས་ཨུད་ཀྱི་ཧྲུའུ་ཅི་ཅང་ཤན་ཁུའེ་ཡིས་བཤད། ཞིང་ཆེན་དེ་ཡོངས་ཀྱི་རྫོང་དབུལ་པོར་ཏང་སྲིད་ལས་འགན་གཙོ་བོ་འཁུར་མཁན་དེ་དག“དབུལ་པོའི་ཞྭ་མོ་མ་ཕུད་བར་ལས་གནས་མི་བསྒྱུར་བ”མ་ཟད་ཁག་བགོས་ལས་འགན་འཁུར་མཁན་གཞོན་པ་ལའང་འགན་འཁྲི་ཁུར་སེམས་ཆེན་པོ་ཡོད་པ་རེད། རིམ་ཁག་ལས་བྱེད་པ་ཁྲི་59ལ་སྐུལ་སློང་གིས་དུད་ཚང་དབུལ་པོར་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་། གྲོང་ཚོར་བཅའ་སྡོད་དབུལ་སྐྱོར་ལས་དོན་རུ་ཁག་གི་རུ་མི་ཁྲི་3.8དང་གྲོང་ཚོ་དབུལ་པོའི་ཧྲུའུ་ཅི་དང་པོ་6500ལྷག་ཙམ་འདེམས་གཏོང་བྱས་པ། ཞིང་ཆེན་རིམ་པའི་ལས་ཁུངས་ཀྱིས་ཐིང་དང་ཁྲུའུ་རིམ་པའི་ལས་བྱེད་པ་200རྫོང་དབུལ་པོར་གནས་སྦྱར་དུ་མངགས་པས་དབུལ་སྐྱོར་དེ་ཉིད་ལས་བྱེད་པའི“དམག་རྩལ་སྦྱོང་རར”གྱུར་པ་རེད། ན་ནིང་ནས་བཟུང་ཞིང་ཨུད་ཀྱིས་དབུལ་སྐྱོར་གྱི་འཐབ་ས་དང་པོ་ནས་ལས་བྱེད་པ་38འདེམས་སྤྱོད་བྱས་པ་རེད།
         དབུལ་སྐྱོར་གྱི་གཙོ་གནད་གཞི་རིམ་དུ་བཞག་ནས“དུད་ཚང་དབུལ་པོ་དང་ཐག་ཉེ་ཤོས་ཀྱི་མིའི”ཧུར་སེམས་འཕེལ་བ་བྱས་ཤིང་། ལུའུ་ཏན་གྱི་ཡོམ་འགོག་གེགས་སེལ་ནང་བྱས་རྗེས་གཟེངས་སུ་ཐོན་པའི་ཐན་ཏེ་ཅུན་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་བྱ་རྒྱུར་ཐབས་བཟང་ཡོད་པས“ཧྲུའུ་ཅི་གཡེར་མ་ལགས”ཅེས་འབོད་ཅིང་། ན་ནིང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་ནས་གྲོང་རྡལ་ཏང་ཨུད་ཀྱི་ཨུ་ཡོན་ལ་སྤར་ཡོད། ཐན་ཏེ་ཅུན་གྱིས“དབུལ་སྐྱོར་ནི་བཀོད་འདོམས་དབྱུག་པ་ལྟ་བུ་ཡིན། ན་ནིང་གྲོང་རྡལ་ཡོངས་ཀྱི་སློབ་གྲྭ་ཆེ་མོ་བ་10ལྷག་ཙམ་གྱིས་རང་རྟོགས་ངང་གྲོང་ཚོའི་ནང་ལས་གནས་ཁུར་བར་བསྐྱོད་ཡོད”ཅེས་བརྗོད། ཡུན་ནན་གྱིས་ཤང་དང་གྲོང་རྡལ་གྱི་བྱ་གཞག་སྒྲིག་ཁོངས་ཀྱི་མི་སྣ་དང་། གྲོང་ཚོའི་ལས་བྱེད་པ། སློབ་གྲྭ་ཆེ་མོ་བའི་གྲོང་དཔོན་བཅས་མི་2036ཤང་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཁག་ནང་བདམས་པ་དང་གྲོང་ཚོའི་ལས་བྱེད་པའི་རྗེས་གྲབས་སྟོབས་ཤུགས་7200ཧྲག་འདེམས་བྱས་པ་རེད།
         ལས་གཏོད་ཀྱི་སྤྲོ་སེམས་ཆེ་རུ་བཏང་ནས་ཏང་ཡོན་གྱིས་སྣེ་ཁྲིད་དེ་ལས་གཏོད་བྱེད་པའི་དབུལ་སྒྲོལ་ལམ་བུ་གསར་པ་ཞིག་བཏོད་ཅིང་། རྒྱལ་མོ་རྔུལ་ཆུའི་འགྲམ་གྱི་ལི་སུའུ་རིགས་རང་སྐྱོང་ཀྲོའུ་ལུའུ་ཧྲུའེ་གྲོང་ཁྱེར་ལུའུ་ཀྲང་གྲོང་རྡལ་སན་ཧོ་གྲོང་ཚོར་ཏང་ཡོན་ལིའུ་པང་ཆང་གིས་སྣེ་ཁྲིད་དེ་ཀོ་ལའི་མཉམ་ལས་ཁང་བཙུགས་པ་དང་། གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་དབྱང་ཤན་གྱིས་སྟར་ཁའི་མཉམ་ལས་ཁང་བཙུགས་པ། གྲོང་ཚོའི་ཀྲུའུ་རེན་ལིའུ་ཀྲེ་ཧྭ་ཡིས་ཇ་ཞིང་ར་བ་གཉེར་བ་སོགས། ད་ཆ་སན་ཧོ་གྲོང་ཚོའི་མང་ཚོགས་ལ་གླ་པར་བསྐྱོད་པ་ཁོ་ནར་འབབ་འཕར་སྒོར་ཁྲི་བརྒྱ་ལྷག་ཙམ་ཟིན་གྱི་ཡོད། ཡུན་ནན་གྱིས“ཏང་ཀྲི་པུའུ+”ཡི་རྣམ་པ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་གྲོང་གསེབ་ཏང་རྩ་འཛུགས་དང་ཏང་ཡོན་གྱི་དྲ་ཐོག་ཚོང་དོན་ལས་གཏོད་ལ་རྒྱབ་སྐྱོར་བྱས་པ་དང་གྲོང་ཚོའི་ཏང་རྩ་འཛུགས་7000ཙམ་གྱིས་སྣེ་ཁྲིད་ནས་དྲ་ཐོག་ཚོང་ཁང་གཉེར་ཡོད། མིག་སྔའི་བར། ཞིང་ཆེན་དེ་ཡོངས་ཀྱིས“ཏང་ཡོན་གྱི་ལས་གཏོད་ཕྱུག་འགྱུར་དངུལ་བུན”ཁྱོན་སྒོར་དུང་ཕྱུར་67ལྷག་ཙམ་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།