འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་དངུལ་རྩས་དངུལ་བུན་གཡར་བར་བརྟེན་ནས་ཐོན་ལས་ཀྱི་གནད་སྨིན་དབུལ་སྐྱོར་
    ལ་སྐུལ་འདེད་གཏོང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་27ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་རིགས་ཁག་གི་དབུལ་སྐྱོར་གཉེར་སྐྱོང་བྱེད་པོར་དངུལ་རྩའི་ཐད་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་བརྟེན་ནས། “ཁེ་ལས་གཅིག་ལ་རྒྱབ་སྐྱོར་དང་། ཡུག་གཅིག་སྣེ་ཁྲིད། གྲོང་ཚོ་ཡོངས་ལ་སྐུལ་འདེད”བཅས་ཀྱི་དཔེ་སྟོན་ཕན་འབྲས་ཐོན་པ་བྱས་པས། གནད་སྨིན་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་ནུས་ལྡན་ཕྱིན་པ་རེད།
         རེན་ཤིན་ཕིང་ནི་མཚོ་སྔོན་ཞིང་ཆེན་ཙོང་ཁ་རྫོང་མདོ་པ་གྲོང་རྡལ་ཞའོ་ཀྲའེ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་ཞིང་། ཕ་མ་ལོ་ན་བགྲེས་པ་དང་བཟའ་ཟླ་དབང་པོ་སྐྱོན་ཅན་ཡིན་པར་བརྟེན། འཚོ་བའི་ཁུར་པོ་ཚང་མ་ཁོང་གཅིག་པུའི་ཕྲག་ཏུ་བབས། 2009ལོར་ཙོང་ཁ་ཧོང་ཏ་ཞིང་ཞོར་ཐོན་ཟོག་ཉོ་ཚོང་ཚད་ཡོད་ཀུང་སིས་གྲོང་གསེབ་ཀྱི་ལས་སྒུག་བུད་མེད་ལ་དམིགས་ནས་ལས་མི་བསྡུ་བའི་གསལ་བརྡ་བཏང་བ་ལས་ཁོང་གི་འཚོ་བར་འགྱུར་ལྡོག་བྱུང་།
        “དེ་སྔ་ང་ཟ་ཁང་དུ་ཞབས་ཞུ་མ་བྱེད་སྐབས་ཡོང་འབབ་བརྟན་པོ་མེད། ཡིན་ནའང་། ཀུང་སིར་བསྐྱོད་རྗེས་ཁྱིམ་དང་ཐག་ཉེ་བ་མ་ཟད། ད་དུང་ཐོན་སྐྱེད་འཁོར་ཁང་གི་གཙོ་གཉེར་ལ་གྱུར་པས་མ་འོངས་པའི་འཚོ་བ་དེ་བས་ལེགས་སུ་འགྲོ་རྒྱུའི་ཡིད་ཆེས་ཡོད”ཅེས་རེན་ཤིན་ཕིང་གིས་བཤད།
        ཧོང་ཏ་ཀུང་སིའི་རྒྱུན་ལས་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧུའུ་ཚུན་ཀྲུང་གིས་དུད་ཚང་དབུལ་པོ་ཐད་ཀར་ཀུང་སིའི་ལས་མིར་བསྡུ་བ་ཕུད། པད་ཁ་འདེབས་པ་དང་། པད་ཁ་ཉོ་བ། སྣུམ་འཚག་པ། ཚོང་ཟོག་འདྲེན་འཚོང་སོགས་འབྲུ་སྣུམ་ལས་སྣོན་ཐོན་སྐྱེད་ཀྱི་སྦྲེལ་ཐག་ཚང་མར་དུད་ཚང་དབུལ་པོའི་མི་སྣ་ལས་མིར་བསྡུ་གི་ཡོད་ཅེས་ངོ་སྤྲོད་བྱས།
        “ང་ཚོས་དུད་ཚང་དབུལ་པོར་རོགས་རམ་བྱས་པ་དང་དུད་ཚང་དབུལ་པོས་ཀྱང་ང་ཚོར་རོགས་རམ་ཐུབ་པས། དེ་ནི་གཉིས་ཕན་གྱི་རྒྱུན་མཐུད་འབྲེལ་བ་ཞིག་རེད” “ང་ཚོའི་ཀུང་སིས་དུད་ཚང་དབུལ་པོ་གཅིག་ལས་མིར་བསྡུས་ཚེ་དངུལ་རྩའི་སྒྲིག་གཞིས་ང་ཚོར་དབུལ་སྐྱོར་དངུལ་བུན་སྒོར་ཁྲི་10མང་དུ་གཏོང་གི་ཡོད་པ་མ་ཟད། ད་དུང་སྲིད་གཞུང་གིས་ཁ་གསབ་ཀྱང་སྤྲོད་ཀྱི་ཡོད། དེས་ང་ཚོ་ཞིང་གསུམ་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་ཉུང་དུ་ཆེས་ཆེར་ཕྱིན་པ་དང་དུད་ཚང་དབུལ་པོར་སྐུལ་ཁྲིད་བྱེད་པའི་ཁེ་ལས་ཀྱི་ཧུར་བརྩོན་རང་བཞིན་ཆེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་དཀའ་ངལ་ཡོད་པའི་ཚོགས་སྤྱིར་ཡང་དབུལ་སྒྲོལ་གྱི་རྣམ་གྲངས་ཡག་པོ་རག་ཡོད”ཅེས་ཧུའུ་ཚུན་ཀྲུང་གིས་བཤད།
        གྲོང་མི་རྣམས་གླ་ཆ་ལེན་རྒྱུ་ཡོད་པའི་ཐོན་ལས་བཟོ་པར་བསྒྱུར་བ་ཕུད་མཚོ་སྔོན་ཞིང་ཆེན་གྱི་དངུལ་རྩའི་དབུལ་སྐྱོར་ལ་ད་དུང་གསར་གཏོད་ཀྱི་ཆ་མི་ཉུང་བ་ཞིག་ཡོད།
        རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་དུ་ཡུལ་དེའི་དངུལ་རྩའི་སྒྲིག་གཞིས་མཚོ་སྔོན་གྱི་ནུས་འདུས་གསོན་ཤུགས་བཏུང་བྱ་ཚད་ཡོད་ཀུང་སིར་སྐྱེད་ཀ་དམའ་བའི་ཐོན་ལས་དབུལ་སྐྱོར་དངུལ་བུན་གཡར་བ་དང་། ཁེ་ལས་དེས་མ་དངུལ་ཁ་གསབ་སྤྲོད་པའི་བྱེད་ཐབས་ལ་བརྟེན་ནས་མི་འབོར་དབུལ་པོར་རོགས་སྐྱོར་བྱས་པ་རེད། 2016ལོ་ནས་2020ལོའི་བར། རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གི་མི་འབོར་དབུལ་པོ་5400མི་རེར་ལོ་རེར་སྒོར་500ནས་900བར་གྱི་ཤོག་ཆག་ལེན་རྒྱུ་བྱུང་ཡོད་ཅིང་། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་1890ཟིན་གྱི་ཡོད།
        གཞན་ཡང་། “དངུལ་རྩ+དྲ་ཐོག་ཚོང་དོན”དང་། “མཉམ་ལས་ཁང་+ཞིང་དུད” “ཞིང་པ་རྐང་མིར་འགྱུར་བ”སོགས་རྣམ་པ་སྣ་ཚོགས་ཀྱི་དངུལ་རྩའི་རོགས་སྐྱོར་ཐོན་ལས་ཀྱིས་དབུལ་སྒྲོལ་ལ་སྐུལ་ཁྲིད་བྱས་པ་དང་དུད་ཚང་དབུལ་པོ་དང་ཞིང་དུད་དཀྱུས་མའི་འཕེལ་རྒྱས་ཕྱུག་འགྱུར་ལ་སྐུལ་ཁྲིད་ཐུབ་པའི་ཁྱད་ལྡན་རྣམ་གྲངས་ཁག་གཅིག་སྐྱེད་སྲིང་ནུས་ལྡན་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།