འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཡར་ཀླུང་གཙང་པོའི་བྱང་རྒྱུད་ཟུར་གསུམ་གྲོང་ཚོས་ས་ཡོམ་བྱུང་རྗེས་བདེ་འཁོད་
    ངང་ལོ་གསར་བསུ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་20ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ཡར་ཀླུང་གཙང་པོའི་བྱང་རྒྱུད་ཟུར་གསུམ་གྲོང་ཚོས་ས་ཡོམ་བྱུང་རྗེས་བདེ་འཁོད་
ངང་ལོ་གསར་བསུ་བ།
         མི་དམངས་དྲ་བའི་འཕྲིན། ས་ཡོམ་བྱུང་རྗེས་ཀྱི་ཉིང་ཁྲི་སྨན་གླིང་རྫོང་ཕད་གྲོང་རྡལ་གྱི་ཟུར་གསུམ་གྲོང་ཚོའི་མི་རྣམས་ཚང་མ་བདེ་འཁོད་ངང་འཚོ་བ་སྐྱེལ་བཞིན་ཡོད་ཅིང་། གྲོང་མི་ཚོས་སྔར་བཞིན་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་སྲོལ་རྒྱུན་ལུགས་སྲོལ་བོད་ཀྱི་ཀོང་པོའི་ལོ་གསར་བསུ་བཞིན་ཡོད་པ་རེད། ཟུར་གསུམ་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དོན་འགྲུབ་ཚེ་དབང་གིས་ས་ཡོམ་ལས་ཟུར་གསུམ་གྲོང་ཚོར་གནོད་འཚེ་གང་ཡང་བྱུང་མེད་ཅིང་། གྲོང་ཚོའི་དུད་ཚང་39ཡི་ཁང་པ་རྡིབ་མེད་ལ། གྲོང་མི་280ལའང་རྨས་སྐྱོན་གང་ཡང་ཕོག་མེད་ཅིང་། ཁང་པ་འགའ་རེར་གས་སྲུབས་ཏོག་ཙམ་ཤོར་འདུག ཟླ་11ཚེས་19ཉིན་གྱི་ཞོགས་པར་ཁྱིམ་དུད་རེ་རེ་བཞིན་ཞིབ་བཤེར་བྱས་པ་དང་། ཞིབ་བཤེར་བྱས་འབྲས་ལོ་གསར་གཏོང་སྐབས་དུས་ཐོག་ཏུ་ཤང་ལ་སྙན་སེང་ཞུས་པ་ཡིན་ལ། ས་ཡོམ་བྱུང་ཡོད་མོད། འོན་ཀྱང་དེས་གྲོང་མི་ཚོས་ལོ་གསར་པར་བསུ་བར་ཤུགས་རྐྱེན་གང་ཡང་ཐེབས་མེད་ཅིང་། གྲོང་མི་ཚོ་བློ་ཁ་བརྟན་པོར་གནས་ཤིང་དུད་ཚང་ཚང་མས་སྲོལ་རྒྱུན་གྱི་ལུགས་སྲོལ་ལྟར་དགུ་ཐུག་འཐུང་ཞིང་གྲོ་སོ་ཕྱེ་མར་སྒྲིག་པ་དང་། སྒོ་འགྲམ་དུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་བྲིས་ཡོད་ཅིང་། སང་ཉིན་སྐྱ་རེངས་འཆར་བ་དང་ཆུ་ལེན་པ་དང་། ལོ་སར་རྟེན་འབྲེལ་ཞུས་ནས་སྤྲོ་སྐྱིད་ཀྱིས་ཁེངས་པའི་ངང་ནས་ལོ་གསར་བསུ་རྒྱུ་རེད་ཅེས་བཤད། 
          ཟུར་གསུམ་གྲོང་ཚོ་ནི་ཕོད་གྲོང་རྡལ་ཡར་ཀླུང་གཙང་པོའི་བྱང་རྒྱུད་དང། གནམ་ལྕགས་འབར་བའི་རི་འདབས་སུ་ཆགས་ཤིང་། ཐེངས་འདིའི་ས་ཡོམ་གྱིས་མིག་སྔར་བར་དུ་མཛེས་སྡུག་ལྡན་པའི་ཟུར་གསུམ་གྲོང་ཚོར་གནོད་སྐྱོན་དང་རྨས་སྐྱོན་གང་ཡང་བཟོས་མེད་པ་དང་། གྲོང་མི་ཚོས་བྲེལ་བ་ཆེན་པོས་ཀོང་པོའི་ལོ་གསར་བསུ་བ་དང་རྟེན་འབྲེལ་ཞུ་བཞིན་ཡོད་པ་རེད།
    ༄༅།།བོད་ལྗོངས་ཡར་ཀླུང་གཙང་པོའི་བྱང་རྒྱུད་ཟུར་གསུམ་གྲོང་ཚོས་ས་ཡོམ་བྱུང་རྗེས་བདེ་འཁོད་
ངང་ལོ་གསར་བསུ་བ།
    ༄༅།།བོད་ལྗོངས་ཡར་ཀླུང་གཙང་པོའི་བྱང་རྒྱུད་ཟུར་གསུམ་གྲོང་ཚོས་ས་ཡོམ་བྱུང་རྗེས་བདེ་འཁོད་
ངང་ལོ་གསར་བསུ་བ།
    ༄༅།།བོད་ལྗོངས་ཡར་ཀླུང་གཙང་པོའི་བྱང་རྒྱུད་ཟུར་གསུམ་གྲོང་ཚོས་ས་ཡོམ་བྱུང་རྗེས་བདེ་འཁོད་
ངང་ལོ་གསར་བསུ་བ།
      

    ཕྱོགས་བསྡུས་གསར་འགྱུར།