འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཕོ་བྲང་ཡུམ་བུ་བརླ་མཁར་ཞིག་གསོ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་23ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཕོ་བྲང་ཡུམ་བུ་བརླ་མཁར་ཞིག་གསོ་བྱེད་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཕོ་བྲང་ཡུམ་བུ་བརླ་མཁར་ཁྱོན་ཡོངས་ནས་ཞིག་གསོ་བྱེད་འགོ་ཚུགས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཡུམ་བུ་བརླ་མཁར་གྱི་ཤིང་ཆས་ལྷུ་ལག་རྣམས་རུལ་བཞིན་ཡོད་པས། ཁང་པའི་གྱང་ངོས་སོགས་པའི་གནས་མང་པོ་སེར་ག་གས་བཞིན་ཡོད་པ་དང་། རྩིག་རྨང་རྡིབ་བཞིན་ཡོད་པས་ཕོ་བྲང་གི་ཕྱོགས་མང་པོ་ཉེན་ཁ་ཆེ་བས། འབྲེལ་ཡོད་སྡེ་ཁག་གིས་གནའ་བོའི་རྣམ་པ་གཞིར་བཟུང་ཞིག་གསོ་བྱེད་རྒྱུའི་རྩ་དོན་ལ་གཞིགས་ཏེ་ཁྱོན་ཡོངས་ནས་སྲུང་སྐྱོང་དང་ཞིག་གསོ་བྱེད་བཞིན་ཡོད་ཅིང་། ལས་རིམ་འདི་སྔོན་དཔག་བྱས་ན་སང་ལོའི་ཟླ་4པར་ལེགས་འགྲུབ་ཡོང་རྒྱུ་ཡིན་པ་རེད། 
         ཡུམ་བུ་བརླ་མཁར་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཁུལ་རྩེད་ཐང་གྲོང་རྡལ་གྱི་ཤར་ལྷོའི་རི་ཤྭ་བ་ཡུམ་མོའི་བརླ་ལྟ་བུའི་སྟེང་དུ་ཆགས་ཡོད་པ་དང་། ལོ་རྒྱུས་ཀྱི་ཡིག་ཆར་གཞིགས་ན་འདི་ནི་སྤྱི་ལོའི་སྔོན་གྱི་དུས་རབས་2པར་བཞེངས་པ་དང་། 1962ལོར། ཡུམ་བུ་བརླ་མཁར་འདི་བོད་རང་སྐྱོང་ལྗོངས་རིམ་པའི་རིག་གནས་སྡེ་ཚན་དུ་ངོས་འཛིན་བྱས་པ་རེད། 
    ༄༅།།ཕོ་བྲང་ཡུམ་བུ་བརླ་མཁར་ཞིག་གསོ་བྱེད་པ།
    ༄༅།།ཕོ་བྲང་ཡུམ་བུ་བརླ་མཁར་ཞིག་གསོ་བྱེད་པ།
      

    ཕྱོགས་བསྡུས་གསར་འགྱུར།