འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་འཇར་མན་གྲོང་ཁྱེར་གྱིས་ཐོན་ལས་མཉམ་ལས་ལ་སྐུལ་མ་ཤུགས་ཆེན་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་27ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། “ཀྲུང་གོའི་ལན་པར་2025”དང་འཇར་མན་གྱི“བཟོ་ལས་4.0”འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་བྱས་པ་དང་བསྟུན་ཀྲུང་གོ་དང་འཇར་མན་གྱི་གྲོང་ཁྱེར་དེ་བས་མང་བས་ཕན་ཚུན་ཐོན་ལས་མཉམ་ལས་དང་སྤེལ་རེས་བྱ་ཤུགས་ཆེ་རུ་བཏང་ཡོད། ཚེས་3ཉིན་འཇར་མན་གྱི་ཧན་ནུའོ་ཝེ་གྲོང་ཁྱེར་དང་ཧུའུ་ནན་ཞིང་ཆེན་ཁྲང་ཏེ་གྲོང་ཁྱེར་དབར་ཐོན་ལས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་བཞག་ནས་རིག་ནུས་བཟོ་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་བ་རེད།
         ཁྲང་ཏེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་རེན་ཁྲེང་གིས་ཕྱོགས་གཉིས་པོས་མཉམ་ལས་བྱས་ནས་ཁྲང་ཏེར་གཏོད་པའི་ཧན་ནུའོ་ཝེ་གྲོང་རྡལ་དེ་ཀྲུང་གོ་དང་འཇར་མན་གྲོང་ཁྱེར་དབར་སྤེལ་རེས་བྱེད་པའི་དཔེ་མཚོན་དང་སྟེགས་བུ་ཞིག་ཏུ་གྱུར་ཡོད་ཅེས་བརྗོད། འཐབ་ཇུས་སྦྲེལ་མཐུད་སྐོར་གླེང་སྐབས་རེན་ཁྲེང་གིས་འཇར་མན་གྱི“བཟོ་ལས་4.0”གྱིས་སྲོལ་རྒྱུན་ལྟེ་བར་བྱེད་པའི་ཐོན་ལས་ཁག་གཅིག་རིག་ནུས་ཅན་གྱི་ཕྱོགས་སྒྱུར་རིམ་སྤོར་ཡོང་བར་ཕན་པ་ཐོབ་རྒྱུ་ཡིན་པས་ཐོན་ལས་གསར་པ་འཕེལ་རྒྱས་གཏོང་རིང་ལག་རྩལ་གསར་པ་དང་བཟོ་རྩལ་གསར་པ་ནང་འདྲེན་བྱེད་ཆོག་ཅེས་བརྗོད།
         ཧན་ནུའོ་ཝེ་གྲོང་ཁྱེར་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཧན་ནུའོ་ཝེ་དང་ཁྲང་ཏེ་དབར་2018ལོར་ཧན་ནུའོ་ཝེ་རུ་ཁྲང་ཏེའི་ལྟེ་གནས་འཛུགས་རྒྱུའི་ཐག་བཅད་པ་ནི་གྲོང་ཁྱེར་གཉིས་པོའི་དཔའ་འབྱོར་མཉམ་ལས་དང་ཁེ་ལས་སྤེལ་རེས་ལ་སྐུལ་མ་གཏོང་རྒྱུ་དེ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཁྲང་ཏེ་ལྟེ་གནས་ནི་འཇར་མན་ལ་ཁྲང་ཏེ་དང་ཀྲུང་གོའི་རིག་གནས་མངོན་པར་བྱེད་པའི་སྟེགས་བུ་ཞིག་ཡིན་ལ། ཐོན་ལས་ཚན་རྩལ་སྤེལ་རེས་ལྟེ་གནས་དང་དེ་བཞིན་རིག་ནུས་བཟོ་སྐྲུན་ཐོན་ལས་མགྱོགས་སུ་གཏོང་ཆས་དང་གསོ་སྐྱོང་ཡོ་ཆས་ཞིག་ཀྱང་ཡིན་པ་དེས་ཀྲུང་གོའི་དགོས་མཁོ་དང་འཇར་མན་གྱི་ལག་རྩལ་སྦྲེལ་མཐུད་ནུས་ལྡན་ཡོང་ཐུབ།
         ལས་རིགས་གཅིག་པའི་རིགས་གཅིག་མཁས་ཅན་གྱིས་ཁེ་ལས་ཀྱི་ངོས་ནས་བརྗོད་ན་འཇར་མན་ཁེ་ལས་ཀྱི་ལག་རྩལ་སྔོན་ཐོན་དང་ཞིབ་འཇུག་གསར་སྤེལ་གྱི་ནུས་པ་ཆེ་བ་དང་། ཀྲུང་གོའི་ཁེ་ལས་འདི་ཉིད་ནུས་ཆེ་བབ་བསྟུན་དང་འཕར་ཚད་མགྱོགས་པོ་ཡོད་པར་བརྟེན་ཕན་ཚུན་ལེགས་ཆ་གསབ་ཐུབ་པ་མ་ཟད་མཉམ་ལས་ཀྱི་མདུན་ལམ་ཡང་རྒྱ་ཆེན་པོ་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།