༄༅།།བོད་ལྗོངས་ཉིང་ཁྲིར་ས་ཡོམ་བརྒྱབ་སྟེ་ཁང་པ་5700ལྷག་ཙམ་ལ་གནོད་སྐྱོན་ཕོག་པ།
གསར་འགྱུར་སྤེལ་དུས། 【2017ལོའི་ཟླ་ 11ཚེས་21ཉིན། 10:54】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན་གྱི་ཞོགས་པར། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨིན་གླིང་རྫོང་དུ་ས་ཡོམ་རིམ་པ་6.9བརྒྱབ་པ་དང་། ཡོམ་གནས་ཀྱི་ཟབ་ཚད་ལ་སྨི་སྟོང་ཕྲག་10ཡོད་པ་རེད། ཟླ་11ཚེས་20ཉིན་གྱི་ཆུ་ཚོད་9པའི་བར་དུ་བསྡོམས་རྩིས་བརྒྱབ་པ་ལྟར་ན། ས་ཡོམ་གྱིས་ཉིང་ཁྲི་གྲོང་ཁྱེར་སྨིན་གླིང་རྫོང་དང་། བྲག་ཡིབ་ཁུལ། སྤོ་བོ་རྫོང་སོགས་རྫོང་(ཆུས་)6གི་མི་གྲངས་ཁྲི་1.2ལ་གནོད་སྐྱོན་བྱུང་བ་དང་། མི་གྲངས་2400ཉེ་བར་འཕྲལ་མར་སྡོད་གནས་བཀོད་སྒྲིག་བྱས་པ་དང་། ཁང་པ་5700ལྷག་ཙམ་ལ་ཚད་མི་འདྲ་བའི་གནོད་སྐྱོན་བྱུང་ཡོད་པ་རེད།
【1】
【2】
【3】