འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།>>བོད་ལྗོངས།

    ༄༅།།ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ATMའཕྲུལ་ཆས་ཀྱི"གདོང་བཤེར་
    དངུལ་ལེན"བྱེད་ནུས་བདེ་བླགས་ངང་འཁོར་སྐྱོད་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་27ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་གོའི་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ATMའཕྲུལ་ཆས་ཀྱི"གདོང་བཤེར་དངུལ་ལེན"བྱེད་ནུས་དངོས་སུ་བཅིངས་འགྲོལ་ཉིང་ལག་དངུལ་ཁང་དུ་བདེ་བླག་ངང་འཁོར་སྐྱོད་བྱེད་འགོ་ཚུགས་ཡོད་པ་རེད།
          ATMའཕྲུལ་ཆས་ཀྱི"གདོང་བཤེར་དངུལ་ལེན"བྱེད་ནུས་ནི་གྰ་མི་དགོས་པར་དངུལ་ལེན་ཐུབ་པའི་ཐབས་ལམ་ཞིག་ཡིན་ཏེ། ATMའཕྲུལ་ཆས་ནང"གདོང་བཤེར་དངུལ་ལེན"བྱེད་ནུས་བཀོལ་སྤྱོད་བྱས་པ་དེས་རྒྱུན་དུ་ང་ཚོས་གྰ་ཡར་མར་འདོན་པའི་རྒྱུད་རིམ་ཞིག་ཉུང་དུ་ཕྱིན་ཡོད་ལ། གྰ་འཁྱེར་རྒྱུ་བརྗེད་ནས་དངུལ་ལེན་མི་ཐུབ་པའི་དཀའ་གནད་སེལ་ཐུབ་བྱུང་ཡོད། ལྷག་པར་དུ་མ་ལག་ནང་རྒྱ་བོད་ཡིག་རིགས་གཉིས་བཀོལ་སྤྱོད་བྱས་པ་དེས་ཡུལ་དེའི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད། གྰ་མི་དགོས་པར་དངུལ་ལེན་བྱ་ཐུབ་པ་དེས་རྒྱུན་དུ་ཉེས་ཅན་པས་གྰ་ཡི་ཆ་འཕྲིན་འདྲ་བཟོ་བྱས་ནས་དངུལ་སྨར་གཡོ་ལེན་བྱེད་པའི་ཉེན་ཁ་ཆག་ཡོད་པ་མ་ཟད། "གདོང་བཤེར་དངུལ་ལེན"གྱི་བྱེད་ནུས་ལ་དམར་ཕྱིའི་མིག་གཉིས་བརྙན་ལེན་ཆས་ཀྱི་གསོན་གཟུགས་ཞིབ་བཤེར་ལག་རྩལ་བྱེད་སྤྱོད་བྱས་ཡོད་པས་བདེ་འཇགས་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད།  
          ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་གི་འབྲེལ་ཡོད་ཚན་པ་ཁག་དང་ཀྲེ་ཅང་། ཁྲུང་ཆིང་སོགས་སྤུན་ཟླའི་ཡན་ལག་དངུལ་ཁང་ཁག་གི་རྒྱབ་སྐྱོར་འོག་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་འབྲེལ་ཡོད་ཚན་པ་ཁག་གི་ལས་སྒོའི་རྐང་འཛིན་པ་དང་ATMཀུང་སིའི་འབྲེལ་ཡོད་ལག་རྩལ་མི་སྣ་སོགས་སྒྲིག་འཛུགས་བྱས་ཏེ་རྒྱལ་སྤྱིའི་ངལ་གསོའི་དུས་ནས་མ་ལག་འཆར་བསྐྲུན་བྱེད་འགོ་ཚུགས་ཡོད་ལ། དུས་ཡུན་ཟླ་བ་གཅིག་རིང་གི་དཀའ་སྤྱད་འབད་འཐབ་བྱས་མཐར། ཟླ་11ཚེས་8ཉིན་དངོས་སུ་ཞིང་ལས་དངུལ་ཁང་བཅིངས་འགྲོལ་ཉིང་ལག་དངུལ་ཁང་དུ"གདོང་བཤེར་དངུལ་ལེན"གྱི་བྱེད་ནུས་བདེ་བླག་ངང་འཁོར་སྐྱོད་བྱེད་འགོ་ཚུགས་པས། ཐོབ་ཐང་ལག་ཁྱེར་དང་དངུལ་ཁང་གི་གྰ་མི་དགོས་པར་དགོད་སྤྲོའི་མཛུམ་ཆུང་ཞིག་བསྟན་ནས་ཁ་པར་ཨང་གྲངས་སམ་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་བླུག་པ་ཙམ་གྱི་ATMའཕྲུལ་ཆས་ནས་དངུལ་སྨར་ལེན་པའི་ངོ་མཚར་ཅན་གྱི་བྱེད་ནུས་ཤིག་མངོན་འགྱུར་བྱུང་ཐུབ་ཡོད་པ་རེད། ཕུར་བུ་དོན་གྲུབ་དང་ཕུན་ཚོགས་བསམ་གྲུབ་གཉིས་ནས།
      

    ཕྱོགས་བསྡུས་གསར་འགྱུར།