འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བརྟག་དཔྱད་བྱས་འབྲས་ལས་རྒྱ་སྐད་དེ་ཉིད་ཨ་རིའི་གྲོང་མིས་རྒྱུན་དུ་སྤྱོད་པའི་ཕྱི་སྐད་གཉིས་
    པར་གྱུར་པ་མངོན་ཡོད། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་27ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཨ་རིའི་24/7ཧྭར་ཅེ་ཁྲོམ་གཞུང་དྲ་ཚིགས་ཐོག་ཉེ་ཆར་སྤེལ་བའི་བརྟག་དཔྱད་བྱས་འབྲས་ལས་མངོན་པར། ཨ་རིའི་གྲོང་མིས་རྒྱུན་དུ་སྤྱོད་པའི་ཕྱི་སྐད་ཁྲོད་སེ་ཕན་སྐད་ཨང་དང་པོ་ཡིན་པ་ཕུད་རྒྱ་སྐད་དེ་ཉིད་ཨང་གཉིས་པར་སླེབས་ཡོད་པ་རེད།
        ཨ་རིའི་ཁོ་ལོམ་པི་ཡ་རླུང་འཕྲིན་ཀུང་སིས་གནས་ ཚུལ་སྤེལ་བར་གཞིགས་ན། བརྟག་དཔྱད་དེ་ནི་ཨ་རིའི་མི་འབོར་ཡོངས་བཤེར་ཅུས་ཀྱི་2015ལོར་ཨ་རིའི་འཛད་སྤྱོད་པའི་བརྟག་དཔྱད་གྲངས་གཞིའི་ཁྲོད་ཀྱི“ཁྱིམ་དུ་རྒྱུན་དུ་སྤྱོད་པའི་ཕྱི་སྐད་རིགས”ཀྱི་གདམ་བྱ་གཞིར་བཟུང་བ་མ་ཟད། མི་འབོར་ཡོངས་བཤེར་ཅུས་ཀྱི་ཀྲོའུ་ཁག་གི་གྲོང་མིའི་རིགས་རྒྱུད་ཀྱི་གནས་ཚུལ་གཞིར་བཟུང་བ་ཞིག་ཡིན་པ་རེད།
        ཨ་རིར་སེ་ཕན་རིགས་རྒྱུད་ཀྱི་མི་འབོར་ཁྲི་4000ལྷག་ཡོད་ཅིང་། སེ་ཕན་སྐད་དེ་ཉིད་ཀྲོའུ་ཁག་ཏུ་ཧ་ལམ་གྲོང་མི་རྣམས་ཀྱིས་རྒྱུན་དུ་སྤྱོད་པའི་ཕྱི་སྐད་ཅིག་ཡིན་པ་དང་། རྒྱུན་དུ་རྒྱ་སྐད་སྤྱོད་པའི་མི་འབོར་ཁྲི་210ཟིན་ནས་ཨང་གཉིས་པར་སླེབས་ཡོད་པ་རེད། གཞན་ཡང་ཐ་ཀ་ལུའུ་སྐད་དང་། ཝེ་ཐེ་ནམ་གྱི་སྐད། ཧྥ་རན་སེའི་སྐད། ཨ་རབ་ཀྱི་སྐད། ཧན་གོའི་སྐད་བཅས་རྒྱུན་དུ་སྤྱོད་པའི་མི་འབོར་ཡང་ཁྲི་100ལས་བརྒལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།