འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མ་ཕམ་གཡུ་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཉམས་
    གསོ་རང་བཞིན་ལྡན་པའི་སྒོ་ནས་ཇེ་ཆེར་འགྲོ་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་23ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མ་ཕམ་གཡུ་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཉམས་
གསོ་རང་བཞིན་ལྡན་པའི་སྒོ་ནས་ཇེ་ཆེར་འགྲོ་བཞིན་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་20ཉིན། མ་ཕམ་གཡུ་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་པ་པདྨ་དབང་རྒྱལ་གྱིས་འཕྲུལ་རྟར་ཞོན་ཏེ་ཉིན་གཅིག་གི་སྐོར་སྐྱོད་ལས་ཀ་འགོ་བརྩམས་པ་རེད།
         མ་ཕམ་གཡུ་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་བྱང་རྒྱུད་དུ་ཆགས་ཡོད་པ་དང་། དེ་རུ་མ་ཕམ་གཡུ་མཚོ་དང་ལ་ལྔ་མཚོ་ས་མཐོའི་མཚེའུ་འདམ་ར་དང་མཐའ་འཁོར་གྱི་ན་འདམ། ཆུ་རྒྱུན་འདམ་ར་སོགས་ཡོད་ཅིང་། མཐོ་སྒང་སྐྱེ་དངོས་ཀྱི་གཞི་རྒྱུའི་མཛོད་ཡིན་པ་རེད།
        པདྨ་དབང་རྒྱལ་གྱིས་གསར་འགོད་པར“དབྱར་ཁར་ཉིན་གཉིས་ནས་གསུམ་བར་སྐོར་སྐྱོད་ཐེངས་གཅིག་བྱེད་ཀྱི་ཡོད་པ་དང་། དགུན་ཁར་ཉིན་བཞི་ནས་ལྔ་བར་དུ་སྐོར་སྐྱོད་ཐེངས་གཅིག་བྱེད་ཀྱི་ཡོད་ཅིང་།”དུས་རྒྱུན་དུ་སྐོར་སྐྱོད་ལས་ཀ་གཙོ་བོ་ནི་སྲོག་ཆགས་ཤི་བ་ཡོད་མེད་དང་། འདམ་ར་གཏོར་བརླག་ཐེབས་ཡོད་མེད་སོགས་ཀྱི་སྣང་ཚུལ་ལྟ་ཞིབ་བྱས་པ་སྟེ། གལ་ཏེ་གནད་དོན་ཡོད་པ་མཐོང་ན། དུས་ཐོག་ཏུ་ནགས་ལས་སྡེ་ཁག་ལ་སྙན་སེང་ཞུ་བཞིན་ཡོད་ཅེས་བཤད་པ་རེད། 
         དེང་སྐབས་བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་། ཁྱད་པར་དུ་མ་ཕམ་གཡུ་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་ཁྱོན་ཡོངས་ནས་སྲུང་སྐྱོང་དང་། ཉམས་གསོ་རང་བཞིན་ལྡན་པའི་སྒོ་ནས་ཇེ་ཆེར་འགྲོ་བཞིན་པའི་རྣམ་པ་འཆར་བཞིན་ཡོད་པ་རེད།
         སྤུ་ཧྲེང་རྫོང་ནགས་ལས་ཅུས་ཀྱི་ཅུས་ཀྲང་གིས་སྲུང་སྐྱོང་ཁུལ་དུ་རྐྱང་དང་། ཁྲུང་ཁྲུང་སྐེ་ནག་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཡོད་ལ། ད་དུང་མཚེའུ་དང་འདམ་ར་ཡང་ཡོད། འདི་ཚོ་སྲུང་སྐྱོང་བྱ་ཆེད་སྲུང་སྐྱོང་ཁུལ་དུ་ཁྱོན་བསྡོམས་དོ་དམ་ས་ཚིགས་དྲུག་དང་དོ་དམ་བྱེད་ས་གསུམ་བཙུགས་ནས་དུས་རྒྱུན་གྱི་དོ་དམ་སྐོར་ཞིབ་བྱེད་འགན་འཁུར་བཞིན་ཡོད་ཅེས་བསྟན་པ་རེད།
         མངའ་རིས་ས་ཁུལ་ནི་མཚོ་བོད་མཐོ་སྒང་གི་བྱང་རྒྱུད་དུ་ཆགས་ཤིང་། དེ་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆ་སྙོམས་སུ་སྨི་4500ཡོད་པ་དང་། དེ་ནི་ཧི་མ་ལ་ཡའི་རི་རྒྱུད་དང་གངས་དཀར་ཏི་སེ་རི་རྒྱུད་སོགས་མཉམ་འདུ་ས་ཡིན་པས། དེར་འཛམ་གླིང་ཡང་རྩེའི་ཡང་རྩེ་འབོད་ཀྱི་ཡོད་ཅིང་། དེ་དང་དུས་མཚུངས་སུ་འདི་ནི་ཡར་ཀླུང་གཙང་པོ་དང་ཧིན་རྡུ་ཆུ་བོ། ཆུ་བོ་གང་གཱ་བཅས་ཀྱི་འབྱུང་ཁུངས་ཡིན་པས། "ཆུ་བོ་ཐམས་ཅད་ཀྱི་འབྱུང་ཁུངས"ཞེས་འབོད་ཀྱི་ཡོད་པ་རེད།
    ༄༅།།མ་ཕམ་གཡུ་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཉམས་
གསོ་རང་བཞིན་ལྡན་པའི་སྒོ་ནས་ཇེ་ཆེར་འགྲོ་བཞིན་ཡོད་པ།
    ༄༅།།མ་ཕམ་གཡུ་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཉམས་
གསོ་རང་བཞིན་ལྡན་པའི་སྒོ་ནས་ཇེ་ཆེར་འགྲོ་བཞིན་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།