འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་སྡེ་ཚན་བཞིས་མཉམ་འབྲེལ་ཐོག་ཁྲལ་བསླུ་དང་འཕར་ཁྲལ་འཛིན་ཤོག་རྫུན་བྲིས་
    ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་27ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་འཚོགས་པའི་2017ལོའི་ལོ་འཁོར་གྱི་ཁྲལ་དོན་དང་། སྤྱི་བདེ། འགག་སྒོ མི་དམངས་དངུལ་ཁང་བཅས་སྡེ་ཚན་བཞིའི་ཁྲལ་བསླུ་དང་འཕར་ཁྲལ་འཛིན་ཤོག་རྫུན་བྲིས་ལ་རྡུང་རྡེག་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གྲོས་ཚོགས་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོར་བོད་ལྗོངས་ཀྱིས་ཁྲལ་བསླུ་དང་འཕར་ཁྲལ་འཛིན་ཤོག་རྫུན་བྲིས་ལ་རྡུང་རྡེག་གཏོང་བའི་ཆེད་དམིགས་ལས་དོན་ལ་གཞི་ཁྱོན་ཆེ་བ་དང་། རིམ་པ་མཐོ་བ། ཞུགས་མཁན་སྡེ་ཚན་མང་བ། ཕན་འབྲས་མངོན་གསལ་དོད་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་སྐྱོང་ལྗོངས་ཡོངས་ཀྱི་སྤྱི་བདེ་དཔལ་འབྱོར་མྱུལ་ཞིབ་སྡེ་ཚན་གྱིས་དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་གྱོད་གཞི་30ཐོ་འགོད་བྱས་ནས་མྱུལ་ཞིབ་བྱས་པ་དང་གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར་35.75ཟིན་ཡོད། མིག་སྔའི་བར་གྱོད་གཞི་3རྩད་ཆོད་པ་དང་། དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་3500གསབ་པ། ཉེས་གསོག་དོགས་ཅན་8བཟུང་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།