འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་མཇུག་ཏུ་མཚོ་སྔོན་གྱི་རྒན་རྒོན་ཆིག་སྟོང་རེར་རྒན་གསོའི་ཉལ་ཁྲི་33རག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་27ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་སྣ་ཚོགས་རྫོང་རིམ་པའི་སྲིད་འཛིན་ཚན་པར་ཕྱོགས་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱུང་བ་དང་འདི་ལོའི་ལོ་མཇུག་ཏུ་རིམ་རྩིས་བྱས་ན་རྒན་རྒོན་ཆིག་སྟོང་རེར་ཉལ་ཁྲི་33ཙམ་རག་རྒྱུ་ཡིན་པ་རེད།
         མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་སྤྱི་ཚོགས་ཕན་བདེ་དང་དགེ་སྒྲུབ་བྱ་གཞག་སྐུལ་འདེད་ཁྲུའི་ཁྲུའུ་ཀྲང་ཝང་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མི་འབོར་ན་རྒས་ཅན་ལ་ཁ་གཏད་བཅག་ནས་རྒན་གསོའི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཁྱིམ་གྱིས་རྨང་གཞི་དང་། སྡེ་ཁུལ་གྱིས་རྟེན་ས། སྒྲིག་གཞིས་ཁ་གསབ་བཅས་བྱེད་པའི་རྒན་གསོའི་ཞབས་ཞུའི་མ་ལག་བསྐྲུན་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་རེད།
         ཝང་ཅུན་གྱིས“མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་སྣ་ཚོགས་རྫོང་རིམ་པའི་སྲིད་འཛིན་ཚན་པ་ཚང་མར་ཁྱབ་པ་དང་། ཤང་དང་གྲོང་རྡལ་རིམ་པའི་སྲིད་འཛིན་ཚན་པ་ཕྱེད་ཀ་ཡན་ལ་ཁྱབ་ཡོད་པ་རེད། སྔོན་དཔག་ལྟར་ན་འདི་ལོའི་ལོ་མཇུག་ཏུ་རྒན་རྒོན་ཆིག་སྟོང་རེར་རྒན་གསོའི་ཉལ་ཁྲི་33ཙམ་རག་རྒྱུ་རེད”ཅེས་བཤད།
         མཚོ་སྔོན་ཞིང་འབྲོག་ཁུལ་དུ་ས་བབ་མཐོ་ཞིང་གསོ་རླུང་དཀོན་པ་དང་། མི་རྣམས་ཁ་ཐོར་དུ་སྡོད་པ། འཚོ་བའི་གོམས་གཤིས་མི་གཅིག་པ་སོགས་ཀྱིས་རྒན་རྒོན་མང་པོ་ཞིག་གཅིག་སྡུད་རྒན་གསོ་བྱེད་སར་སྐྱོད་འདོད་བྱེད་ཀྱི་མེད། ཞིང་འབྲོག་ཁུལ་གྱི་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་རྒན་གསོའི་དཀའ་གནད་སེལ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་2015ལོ་ནས་བཟུང་ཞིང་འབྲོག་ཁུལ་གྱི་དཀའ་ངལ་ཡོད་པའི་རྒན་རྒོན་ལ་ཁྱིམ་གྱིས་རྒན་གསོའི་སྒྲིག་གཞིའི་ཚབ་བྱས་ཏེ་ཞབས་འདེགས་ཞུ་བའི་ཚོད་ལྟ་ཁྱབ་གདལ་གཏོང་འགོ་ཚུགས་པ་དང་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་སྟངས་བརྒྱུད་གྲོང་ཚོ་དེ་ཡོངས་ཀྱི་དགའ་ཉེ་སྤུན་མཆེད་ཚོས་རྒན་གསོའི་སྒྲིག་གཞིའི་ཚབ་བྱས་ཏེ་ཞབས་འདེགས་ཞུ་བའི་འགན་ཁུར་བས། རྒན་རྒོན་ཚོ་ཐག་ཉེ་ས་དང་ས་ཆ་དེ་རང་ནས་ཚེ་མཇུག་ངལ་གསོ་རྒྱག་པའི་བསམ་འདུན་འགྲུབ་ཡོད་པ་རེད།
         རྒས་དུས་འཚོ་བརྟེན་ཡོད་དགོས་ལ་རྒས་དུས་སྨན་བཅོས་དེ་བས་ཐུབ་པ་བྱེད་དགོས། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་མཚོ་སྔོན་དུ་སྨན་བཅོས་འཕྲོད་བསྟེན་དང་རྒན་གསོའི་ཞབས་ཞུ་གཞི་གཅིག་ཏུ་འདུས་པའི་སྨན་བཅོས་ཐོན་ཁུངས་དང་རྒན་གསོའི་ཐོན་ཁུངས་ཟུང་འབྲེལ་སྒྲིག་གཞི་10བཙུགས་ཡོད་པ་དང་། སྨན་བཅོས་སྒྲིག་གཞི་133དང་རྒན་གསོ་ཁང་146དང་ཕན་བདེ་ཁང་སོགས་རྒན་གསོའི་སྒྲིག་གཞིས་གྲོས་མཐུན་ལ་མིང་རྟགས་བཀོད་ནས་མཉམ་ལས་འབྲེལ་བ་བཙུགས་ཏེ་རྒན་གསོའི་སྒྲིག་གཞིའི་ནང་གི་རྒན་རྒོན་ལ་དུས་བཀག་ལྟར་ནད་སྐོར་རྒྱག་པ་དང་དྲག་སྐྱེད་ཡོང་སྟངས་སློབ་པ་སོགས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད།
         ཝང་ཅུན་གྱིས་མཚོ་སྔོན་ཞིང་ཆེན་དུ་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་ཞབས་ཞུ་བྱེད་རྒྱ་ཆེ་ལ་མ་གནས་མཐོ་བར་བརྟེན་རྒན་གསོའི་ཞབས་ཞུའི་ལས་རིགས་ཀྱིས་སྤྱི་ཚོགས་ཀྱི་མ་རྩ་སྔར་བཞིན་འདང་གི་མེད། སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་ཞུགས་རྒྱུ་སྐོང་འཐེན་གང་ལེགས་བྱ་ཆེད། ས་གནས་སྲིད་གཞུང་གིས་ལམ་ལུགས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་མ་དངུལ་མཉམ་བསྡུ་དང་། ས་ཆ་མཁོ་སྤྲོད། ཁྲལ་གྲོན་གཟིགས་སྐྱོང་། ཚོང་འགུགས་མ་འདྲེན་སོགས་སྲིད་ཇུས་བྱ་ཐབས་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་ཁྲོམ་རའི་ཐོན་ཁུངས་བཀོད་སྒྲིག་གི་གཏན་འཁེལ་རང་བཞིན་གྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།