འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་བོད་ལྗོངས་སུ་སྒྲོག་འགྲེལ་བྱེད་པར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་11ཉིན། 12:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་9ཉིན་གྱི་ཕྱི་དྲོར་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཀྲུང་དབྱང་སྒྱུར་བཅོས་གཞུང་དོན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་མུའུ་ཧུང་གིས་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་900ལྷག་ཙམ་གྱིས་སྙན་ཞུ་ཉན་པ་དང་འབྲེལ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་ཤང་གྲོང་རིམ་པ་དང་པོར་ཁྱབ་པར་བྱས་ཡོད།
          “ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱ་རྒྱུ་དེ་ཡིན། ཐོག་མའི་བསམ་འདུན་དང་འགན་འཁྲི་དེ་ནི་ཀྲུང་གོ་གུང་ཁྲན་ཏང་མིས་མུ་མཐུད་མདུན་སྐྱོད་བྱ་རྒྱུར་ལྕག་སྐུལ་བྱེད་པའི་རྩ་བའི་སྒུལ་ཤུགས་དེ་ཡིན”ཞེས་སྙན་སྒྲོན་ཚོགས་འདུའི་ཐོག་མུའུ་ཧུང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྗོད་དོན་གཙོ་བོ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་རང་རྒྱལ་ལ་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་ཕྱིན་པ། “ལོ་བརྒྱ་གཉིས”དང“ཕྱོགས་ལྔ་གཞི་གཅིག”གི་འབད་འཐབ་དམིགས་ཚད་ཀྱི་འཐབ་ཇུས་བཀོད་སྒྲིག་བྱས་པ། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་ཕྱོགས་བརྒྱད་ཀྱི་ཐད་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་ཆ་ལག་ཚང་བ་དང་། ཕྱོགས་ཡོངས། གཏིང་ཟབ་པ་བཅས་ཀྱི་སྒོ་ནས་འགྲེལ་བཤད་བརྒྱབ་ཡོད།
         ཝུའུ་དབྱིང་ཅེས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་བྱེད་པར་བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་བོད་ལྗོངས་ཀྱི་འདས་ཟིན་པའི་ལོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཏང་གི་གཙོ་འཛིན་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ཁག་ལ་ཚད་མཐོའི་མཐོང་ཆེན་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་ལས་བྱུང་བ་གསལ་པོར་བརྗོད་དགོས། གོམ་སྟབས་རྗེས་མར་བོད་ཀྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁེ་ལས་དང་། ཞིང་འབྲོག་ཁུལ། སློབ་གྲྭ། དགོན་སྡེ་སོགས་སུ་དྲིལ་བསྒྲགས་བྱ་རྒྱུར་སྐུལ་འདེད་བཏང་ནས་ཁྱིམ་ཚང་ཚང་མས་ཤེས་པ་དང་མི་སེམས་ལ་གཏིང་ཟབ་ཟུག་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཙང་རལ་སྡེ་ཁུལ་གྱི་ཞིང་འབྲོག་པའི་སྒྲོག་འགྲེལ་པ་བསྟན་འཛིན་གྱིས“གཞི་རིམ་མང་ཚོགས་ལ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་བྱེད་པར་ཁོང་ཚོར་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་གང་ནས་བྱུང་བ་དང་ཇི་ལྟར་བྱས་ཏེ་བྱུང་མིན་གསལ་པོར་བཤད་དེ། ཁོང་ཚོས་ཏང་དང་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ང་ཚོ་མཐའ་མཚམས་ཀྱི་མི་སེར་སེམས་སུ་འཇོག་པ་དང་ང་ཚོར་དངོས་དངོས་རྗེན་རྗེན་གྱི་བདེ་སྐྱིད་བསྐྲུན་ཡོད་པ་ཤེས་སུ་འཇུག་དགོས”ཞེས་མྱོང་ཚོར་ཟབ་མོས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།