འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་མཚོ་སྔོན་དུ་སྒྲོག་འགྲེལ་བྱེད་པར་བསྐྱོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་11ཉིན། 12:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་9ཉིན་གྱི་སྔ་དྲོར། མཚོ་སྔོན་གྲོས་ཚོགས་ལྟེ་གནས་ཀྱི་ཚོགས་ཁང་དུ་སྡོད་ས་གཅིག་ཀྱང་མ་ལུས་པར་མིས་ཁེངས་པ་དང་། མཚོ་སྔོན་གྱི་ལས་བྱེད་ལས་བཟོ་1000ལྷག་ཙམ་གྱིས་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྙན་ཞུའི་ཚོགས་འདུར་ཉན་པ་རེད། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཚའེ་ཧྥང་གིས་སྒྲོག་འགྲེལ་སྙན་ཞུ་བྱས་པ་རེད། སྙན་ཞུའི་ཚོགས་འདུའི་གནས་ཚུལ་དངོས་དུས་གཅིག་ཏུ་བརྒྱུད་གཏོང་བྱས་པ་དང་། མཚོ་སྔོན་གྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གཅིག་སྡུད་ཐོག་སྙན་ཞུར་ལྟ་ཉན་བྱས་པ་རེད།
         “ཏང་གི་ཚོགས་ཆེན་བཅུ་དགུ་པར་ཆབ་སྲིད་དང་། རིགས་པའི་གཞུང་ལུགས། ལག་ལེན་བཅས་ཐད་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད་པ་རེད”ཅེས་སྙན་ཞུའི་ཚོགས་འདུའི་ཐོག་ཚའེ་ཧྥང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་གྲུབ་འབྲས་བརྗོད་པ་དང་ཚོགས་ཆེན་གྱི་སྙན་སྒྲོན་གྱི་བརྗོད་དོན་གཙོ་བོ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སོགས་ཐད་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ལ་ཕྱོགས་ཡོངས་དང་། ཆ་ལག་ཆ་ཚང་། དོན་ཟབ་ལ་ཤེས་སླའི་ཐོག་ནས་རྒྱས་བཤད་དང་འགྲེལ་བཤད་བརྒྱབ་པས་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས་པ་རེད།
         སྙན་ཞུའི་ཚོགས་འདུར་མཚོ་སྔོན་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད། “དེ་སྔ་གྲོང་ཚོའི་ནང་ཚོགས་འདུ་འཚོག་སྐབས་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་མི་བྱེད། ཏང་གི་དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་བྱས་ནས་ཚང་མར་ཕན་པ་ཐོབ་པ་དང་བསྟུན་ཏེ་ད་ཆ་དོན་དག་ཆེ་ཆུང་གང་ཡིན་རུང་ང་ཚོ་འཚོལ་བར་ཡོང་གི་འདུག”ཅེས་བཤད། འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་སྡེ་ཆེན་གྲོང་ཚོ་ནི་མི་རིགས་མང་པོ་འདུས་སྡོད་གྲོང་ཚོ་ཞིག་ཡིན་པ་དང་། ལོ་20ལྷག་ཙམ་རིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་བའི་ཏང་ཡོན་རྒན་གྲས་ཁྲེང་ཝུན་ཀྲེང་གིས་སེམས་ཤུགས་ཆེན་པོས“ཚང་མ་ཏང་གི་དར་ཆའི་འོག་མཉམ་དུ་འཛོམས་ནས་མི་རིགས་ཁག་སེ་འབྲུའི་འབྲུ་གུ་བཞིན་དམ་པོར་སྦྲེལ་ཐུབ་པ་བྱུང་ན་ང་ཚོ་དཀའ་ལས་ག་ཚོད་ཡོད་རུང་རྒྱག་རིན་ཡོད་པ་ཞིག་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།