འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ལོ་སིའི་ཡི་གེའི་པར་ཕུད་
    ཝན་ཐེན་དུ་ཐོག་མར་འགྲེམས་སྤེལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་11ཉིན། 12:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་། ཀྲུང་གོའི་ཕྱི་རྒྱལ་ཡིག་རིགས་དཔེ་སྐྲུན་འགྲེམས་སྤེལ་བྱ་གཞག་ཅུས། ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་བཅས་ཀྱིས་གཙོ་གཉེར་བྱས་པའི་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ལོ་སིའི་ཡི་གེའི་པར་ཕུད་འགྲེམས་སྤེལ་མཛད་སྒོ་ཚེས་9ཉིན་ལོ་སིའི་རྒྱལ་ས་ཝན་ཐེན་དུ་འཚོགས་པ་རེད།
         ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཀུའོ་ཝེ་མིན་གྱིས་པར་ཕུད་འགྲེམས་སྤེལ་མཛད་སྒོའི་ཐོག་ཤིས་ཚིག་བརྗོད་སྐབས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་བ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སིར་རྒྱལ་དོན་འཚམས་འདྲི་གནང་གྲབས་ཡོད་པའི་སྐབས་འདིར་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ལོ་སིའི་ཡི་གེའི་པར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པར་དོན་སྙིང་གལ་ཆེན་ལྡན་པས་ལོ་སིའི་མི་དམངས་ཀྱིས་དེ་བས་ཡག་པའི་སྒོ་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་། འཕེལ་རྒྱས་ལམ་བུ། ཕྱི་ནང་སྲིད་ཇུས་བཅས་ཤེས་རྟོགས་ཐུབ་པར་ཕན་ཐོགས་ཡོད་ལ་ཀྲུང་གོ་དང་ལོ་སིའི་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་དབར་དེ་བས་ཡག་པའི་སྒོ་ནས་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།
         《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་དེའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གི་2012ལོའི་ཟླ་11ཚེས་15ཉིན་ནས་2014ལོའི་ཟླ་6ཚེས་13ཉིན་བར་གྱི་གསུང་བཤད་དང་། གླེང་མོལ། གཏམ་བཤད། དྲི་བ་དྲིས་ལན། མཆན་འགོད་མཛུབ་སྟོན། རྟེན་འབྲེལ་འཕྲིན་ཡིག་སོགས་ཀྱི་རྩོམ་ཡིག་79ཚུར་བསྡུ་བྱས་ཡོད་པ་རེད། 2014ལོའི་ཟླ་9པར་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་ནས་བཟུང་། དེབ་དེ་སྔ་རྗེས་སུ་སྐད་རིགས་24དང་པར་གཞི་27བཏོན་ནས་གོ་ལ་ཧྲིལ་པོར་དེབ་ཁྲི་660ལྷག་ཙམ་འགྲེམས་སྤེལ་བྱས་པ་རེད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ལོ་སིའི་ཡི་གེའི་པར་མ་དེ་ཀྲུང་གོའི་ཕྱི་རྒྱལ་ཡིག་རིགས་དཔེ་སྐྲུན་འགྲེམས་སྤེལ་བྱ་གཞག་ཅུས་དང་ལོ་སིའི་རྒྱལ་ཁབ་དཔེ་དེབ་དཔེ་སྐྲུན་འགྲེམས་སྤེལ་ཁང་གིས་མཉམ་ལས་ངང་ཡིག་སྒྱུར་བྱས་ཏེ་དཔེ་སྐྲུན་བྱས་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།