འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཚྭ་འདམ་གཤོང་སའི་མཚོ་ཆེ་ཤོས་ཧ་ལ་མཚོའི་རྒྱ་ཁྱོན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ།

    ལོ་52རིང་གི་ཆེ་ཤོས་སུ་སླེབས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་11ཉིན། 12:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྲུང་སྐར་རྒྱང་ཚོར་ལྟ་ཞིབ་ཚད་ལེན་གསར་ཤོས་ལས་མངོན་གསལ། ཚྭ་འདམ་གཤོང་སའི་མཚོ་ཆེ་ཤོས་ཧ་ལ་མཚོའི་རྒྱ་ཁྱོན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ལོ་52རིང་གི་ཆེ་ཤོས་སུ་སླེབས་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་ཞིབ་སུའོ་ཡི་བཟོ་བཀོད་པ་ཆེ་མོ་ལིའུ་པའོ་ཁང་གིས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་གསར་ཤོས་ལས་མངོན་གསལ། ཧ་ལ་མཚོའི་རྒྱ་ཁྱོན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་མིག་སྔར་སྤྱི་ལེ་ངོས་གྲུ་625.06ཟིན་ཏེ་ལོ་52རིང་གི་ཆེ་ཤོས་སུ་སླེབས་ཡོད་ཅེས་ངོ་སྤྲོད་བྱས།
         གནམ་གཤིས་རིགས་གཅིག་མཁས་ཅན་གྱིས་རྒྱུན་གཏན་གྱི་འཁྱག་རོམ་བཞུར་ནས་མཚོའི་རྒྱ་ཁྱོན་ཆེ་རུ་ཕྱིན་པ་ཕུད། ཟླ་5པར་ཆར་དུས་སུ་སླེབས་ཚུན་ཧ་ལ་མཚོའི་ཉེ་འཁོར་དུ་ཆར་པ་བབས་ཚད་མང་དུ་ཕྱིན་པ་ནི་རྒྱ་ཁྱོན་ཆེ་རུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
         བསྡོམས་རྩིས་གྲངས་གཞི་ལས་མངོན་པ་ལྟར་ན། མིག་སྔར་ཧ་ལ་མཚོའི་རྒྱ་ཁྱོན་ན་ནིང་གི་དུས་མཚུངས་ལས་སྤྱི་ལེ་ངོས་གྲུ་14.43རྒྱ་ཆེར་ཕྱིན་པ་དེ་1966ལོ་དང་བསྡུར་ན་སྤྱི་ལེ་ངོས་གྲུ་27.66རྒྱ་ཆེར་རྒྱ་ཆེར་སོང་ནས་ཤིས་ཧུའུ་མཚེའུ་4ཡི་རྒྱ་ཁྱོན་དང་མཚུངས་ཀྱི་ཡོད།
         “མཚོ་ཡི་རྒྱ་ཁྱོན་ཆེ་རུ་ཕྱིན་པ་དེས་མཐའ་འཁོར་གྱི་རླུང་ཁམས་ཆེན་པོ་བརླན་གཤེར་དུ་འགྱུར་ཚད་མང་དུ་འགྲོ་རྒྱུར་ཕན་ཐོགས་ཡོད་ལ་མཐའ་འཁོར་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྩི་ཤིང་དང་བྱ་རིགས་བབ་སྡོད་ཁོར་ཡུག་ལེགས་སུ་འགྲོ་བ་དང་། ཧ་ལ་མཚོ་ཡི་རྒྱ་ཁྱོན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དེས་ཚྭ་འདམ་གཤོང་སའི་ཤར་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་འགྲོ་རྒྱུར་ཕན་ཐོགས་ཡོད”ཅེས་ལིའུ་པའོ་ཁང་གིས་བརྗོད། ཤེས་རྟོགས་བྱུང་བར་གཞིགས་ན། ཧ་ལ་མཚོ་ཡི་རྒྱུད་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་ནི་ངང་པ་དང་ཡཱ་ཙེའི་རིགས་དང་མཚོ་ཐོག་སྐྱར་མོ་སོགས་བྱ་རིགས་སྐྱེ་འཕེལ་བྱ་ཡུལ་གལ་ཆེན་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།